ཧུའུ་ཅའི་གཟུགས་གཞིའི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པ།

རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅའི་གཟུཌ་གཞིའི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་འདུག

2008-07-24
Share

༄༅༎རྒྱ་ནག་གཞུང་གིས་དོ་དམ་བཙོན་འཇུག་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅ་ཡི་གཟུགས་གཞིའི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ནའང་ ཉེན་རྟོག་མི་སྣས་ཁོང་གི་ནང་མི་གཉེན་ཚན་དང་ཐུག་འཕྲད་བྱ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་སྐོར་ ཧུའུ་ཅའི་བཟའ་ཟླས་དྲ་རྒྱའི་ཐོག་གནས་ཚུལ་བྲིས་རྩོམ་བྱས་ཡོད་འདུག

དགུང་ལོ་༣༥ཡིན་པའི་རྒྱ་རིགས་ཧུའུ་ཅ་ཞུ་བ་དེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱ་མཁན་མི་སྣ་ཡོངས་གྲགས་ཆེ་ཤོས་ཤིག་ཡིན་ཞིང་ སྔ་ལོ་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གི་བདེ་འཇགས་མི་སྣས་ཁོང་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་དེ་ནས་ཕྱི་ཟླ་༤པའི་ནང་ཁྲིམས་ཐོག་ནས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་གྱོད་གཞིའི་འོག་ལོ་གསུམ་དང་ཕྱེད་ཀའི་རིང་བཙོན་འཇུག་གི་ཉེས་ཆད་བཀལ་ཡོད་པ་རེད་ རེས་གཟའ་ལྷག་པའི་ཉིན་ཙེང་ཅིན་ཡན་ཟེར་བའི་ཧུའུ་ཅའི་བཟའ་ཟླས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཉེ་ལམ་ཚེས་༩ཉིན་ཁོང་བཙོན་ཁང་དུ་ཧུའུ་ཅ་དང་ཐུག་འཕྲད་དུ་བསྐྱོད་སྐབས་ ཧུའུ་ཅའི་སོ་རྙིལ་དང་མཛུབ་མོའི་སེར་མོའི་ཚོན་མདོག་འགྱུར་ལྡོག་སོང་སྟེ་ཁོང་གི་གཟུགས་གཞིའི་གནས་བབ་ཧ་ཅང་སྐྱོ་བོ་ཆགས་ཡོད་པའི་གནས་སྟངས་འགྲེལ་བརྗོད་དང་ ཡང་ཁོང་གིས་ཧུའུ་ཅ་ལ་སྟོབས་སྨན་སྤྲོད་རྒྱུ་དང་གཞན་འཕྲོད་བསྟེན་གྱི་ལྟ་རྟོགས་ཆོག་པའི་བཀའ་འཁྲོལ་ཞུ་སྐབས་བཙོན་ཁང་གི་སྐོར་སྲུང་མི་སྣས་བཀག་འགོག་བྱས་ཡོད་པ་བཅས་གནས་ཚུལ་བཀོད་ཡོད་པ་རེད་ རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ ཧུའུ་ཅའི་བཟའ་ཟླ་ ཅིན་ཡན་ ཞུ་བ་ཁོང་རང་ཡང་རྒྱ་ནག་གཞུང་གི་ལྟ་སྲུང་དམ་པོའི་འོག་ཡོད་འདུག་ལ་ ཕེརན་སི་གསར་ལས་ཁང་གི་གསར་འགོད་པས་ཁོང་ཐུག་འཕྲད་དུ་བསྐྱོད་སྐབས་ ཉེན་རྟོག་མི་སྣས་གསར་འགོད་པ་བཀག་འགོག་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།