རྒྱ་ནག་གིས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་རྩོམ་ཡིག་ལ་ལན་འདེབས།

2017-09-06
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་(Sydney) 2017/8/5
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་(Sydney) 2017/8/5
tibet.net

རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལས་གཞི་ཁག་གི་ཁེ་ཕན་གཙོ་བོ་བོད་མི་ཚོར་ཐོབ་ཀྱི་ཡོད་སྐོར་དབྱིན་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་མགྲིན་ཚབ་པས་རྩོམ་བྲིས་སྤེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྩོམ་ཡིག་གཅིག་སྤེལ་གནང་བ་དེར་ལན་འདེབས་བྱས་འདུག
དེ་ཡང་ཟླ་བ་སྔོན་མའི་ཚེས་༧་ཉིན་དབྱིན་ཡུལ་གྱི་གསར་ཤོག་གྲགས་ཅན་(The Guardian)་ཞེས་པའི་ནང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གནོད་སྐྱོན་འགྲོ་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉེན་ཁའི་ངང་གནས་ཡོད་པ་ཅེས་བའི་རྩོམ་ཡིག་སྤེལ་བའི་རྗེས་སུ། ཕྱི་ཟླ་༩་ཚེས་༣་ཉིན་དབྱིན་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་(ZengRong)་ཡིས་དེར་ལན་འདེབས་དང་སྦྲགས་སྲིད་སྐྱོང་གི་རྩོམ་ཡིག་དེ་ནི་མི་གཞན་ལམ་ནོར་དུ་ཁྲིད་མཁན་ཞིག་ཡིན་ཚུལ་དང་། རྒྱ་གཞུང་གིས་བོད་སྲོལ་རྒྱུན་གྱི་རིག་གཞུང་སླར་གསོ་དང་མི་ཉམས་གོང་འཕེལ། དེ་བཞིན་དར་སྤེལ་གཏོང་གི་ཡོད་ལ་ཁོར་ཡུག་ལ་བདག་གཅེས་ཆེན་པོ་བྱེད་ཀྱི་ཡོད་པ་མི་འབོར་གྱི་གྲུབ་ཆའི་ཐོག་ནས་བོད་རིགས་གྲངས་མང་ཆགས་པའི་བོད་ནང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ལས་གཞི་ཁག་གི་ཁེ་ཕན་གཙོ་བོ་བོད་རིགས་ཚོར་ཐོབ་ཀྱི་ཡོད་རེད་ཅེས་བཤད་པ་སྤྱི་དང་། ལྷག་དོན་དུ་བོད་རང་སྐྱོང་ལྗོངས་ཀྱི་རྨང་གཞིའི་འཛུགས་བསྐྲུན་ལས་འཆར་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཆར་གཉིས་གཅིག་ལ་གཅིག་བརྟེན་གྱིས་མཉམ་སྤྱོད་ཀྱི་རྩ་འཛིན་ལག་ལེན་བསྟར་གྱི་ཡོད་ལ་ཁོར་ཡུག་སྲུང་སྐྱོབ་ལ་གལ་གནད་ཆེན་པོ་རྩིས་མུས་ཡིན་པ་དང་། ད་དུང་བོད་ནང་མ་དངུལ་བཙུགས་ནས་ཡར་རྒྱས་འདི་དང་འདི་བཏང་ཚུལ་ཀྱི་གྲངས་ཐོ་མང་པོ་ཞིག་བཀོད་ཡོད་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྩོམ་ཡིག་དེའི་ནང་། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་རང་བྱུང་ཁམས་ཟུར་བཅད་དང་། སྤྱི་གླིང་མང་པོ་རྩ་ཆེའི་སྲུང་སྐྱོབ་འོག་འཇུག་རྒྱུ་གཏན་འབེབས་གསལ་བསྒྲགས་བྱས་པར་དགའ་བསུ་འོས་པ་ཞིག་རེད། ད་དུང་རྒྱ་གཞུང་གིས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་བབས་ལས་སྐྱོབ་ཐབས་སུ་འབྲོག་སྡེ་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། རྒྱ་རིགས་འབོར་ཆེན་བོད་ནང་གནས་སྤོའི་ལས་འཆར། གཏེར་ཁ་ཚོད་མེད་སྔོག་འདོན། དེ་བཞིན་བོད་ནང་ཆུ་མཛོད་ཆེན་པོ་གསར་རྒྱག་བྱེད་བཞིན་པའི་ལས་འཆར་སོགས་ལ་སྟངས་འཛིན་ངེས་པར་དུ་བྱེད་དགོས་ཀྱི་རེད་ཅེས་དང་། རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་ལས་ཆར་ཁག་ལ་བརྟེན་ནས་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་དོ་ཕོག་དང་ཡར་རྒྱས་ཀྱི་ལས་ཆར་དེ་དག་ནས་བོད་མི་ཚོར་ཁེ་ཕན་ཟུར་ཙམ་ལས་རག་གི་མེད་སྐོར་གསུངས་པ་རེད། ཡང་ཁོང་གིས་བོད་ནང་འཛུགས་བསྐྲུན་ལས་འཆར་ཁག་གི་ཁེ་ཕན་གཙོ་བོ་ཐོབ་མཁན་ནི་རྒྱ་ནག་གི་བཟོ་ལས་ཁག་དང་། རྒྱ་རིགས་ལས་བྱེད་པ་སོགས་ཆགས་ཡོད་བོད་ནང་འཛུགས་བསྐྲུན་གྱི་ལས་འཆར་གང་འདྲ་ཞིག་སྤེལ་རུང་དེ་ཚོའི་ཁེ་ཕན་གཙོ་བོ་ས་གནས་བོད་རིགས་ཚོར་ཐོབ་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་བོད་མིའི་རིག་གཞུང་ལ་གུས་བརྩི་ཡོད་པ། དེ་བཞིན་ས་གནས་བོད་རིགས་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཡོད་པ་བཅས་ཀྱིས་ལས་འཆར་སྤེལ་དགོས་པའི་ཆེད་རྩོམ་སྤེལ་ཡོད་པ་རེད། དེར་རྒྱ་ནག་གིས་ཐད་ཀར་ལན་འདེབས་བྱས་པ་ཆེས་དཀོན་པ་ཞིག་ཡིན་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།