ཨ་རིས་རྒྱ་རིཌ་དམངས་གཙོ་དོན་གཉེར་བར་རྒྱབ་སྐྱོར་གནང་བ།

2016-02-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་ལ་ལིའུ་ཞའོ་བོ་ཞེས་མིང་བསྒྱུར་གནང་འཆར།
ཨ་རིའི་རྒྱལ་སའི་ནང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་ལ་ལིའུ་ཞའོ་བོ་ཞེས་མིང་བསྒྱུར་གནང་འཆར།
ནོ་སྦེལ་གཟེངས་རྟགས་ཚོགས་ཆུང༌།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་གོང་མས་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ་རྒྱ་ནག་གི་བཙོན་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་Liu Xiaobo ཟེར་མིང་བསྒྱུར་གནང་རྒྱུའི་མོས་མཐུན་བྱུང་བ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།དེ་རིང་རྒྱ་ནག་གུང་ཁྲན་ཏང་གི་བཏང་འཛིན་དང་བཀོད་ཁྱབ་འོག་ཏུ་ཡོད་པའི་Global Times ཟེར་བའི་གསར་ཤོག་ལས་ཁང་གིས། ཨ་རིའི་གྲོས་ཚོགས་ཀྱི་ཐག་གཅོད་དེ་ནི་འཁྲུགས་རྐྱེན་སློང་གཞི་ཞིག་ཡིན་ལུགས་བཤད་དེ་རྒྱ་ནག་གཞུང་ཁོང་ཁྲོ་བྱུང་བའི་རྣམ་འགྱུར་བཏོན་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་གོང་མའི་གྲོས་གཞི་ཨང་༢༤༥༡ དེ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཨ་རིའི་Texas མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Ted Cruz ཡིས་རྒྱལ་ས་ཝ་ཤིང་ཀྲོན་ གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་རྒྱ་ལམ་དེའི་མིང་ལ་། རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མཁན་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་ལོ་ངོ་༡༡ གི་བཙོན་འཇུག་ཉེས་བཅད་བཏང་སྟེ་རྒྱའི་བཙོན་ཁང་དུ་ཡོད་པའི་འཛམ་གླིང་གི་མཚན་སྙན་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་དམངས་གཙོ་དོན་གཉེར་བ་སྐུ་ཞབས་Liu Xiaobo ཡི་མིང་ལ་བསྒྱུར་བཅོས་གཏོང་རྒྱུའི་སྐོར་གྲོས་ཚོགས་སུ་གྲོས་འགོ་བཏོན་གནང་བ་ཞིག་ཡིན་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་ཚོས་མིང་བརྗེ་བསྒྱུར་བྱ་མིན་ཐད་འོས་ཤོག་འཕེན་ཏེ་Liu Xiaobo ཡི་མིང་ཐོག་ལ་བརྗེ་བསྒྱུར་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད་། འོན་ཀྱང་གྲོས་གཞི་དེ་ལ་མཐའ་མའི་ཐག་གཅོད་བྱུང་བར་ད་དུང་གྲོས་ཚོགས་འོག་མའི་འཐུས་མི་ཚོའི་མོས་མཐུན་ཐོབ་དགོས་པ་མ་ཟད་། ཨ་མི་རི་ཀའི་སྲིད་འཛིན་གྱིས་ངེས་པར་ཏུ་བཀའ་ཁྲོལ་གྱི་མཚན་རྟགས་སྐྱོན་དགོས་ཀྱི་ཡོད་པ་དང་། གྲོས་ཚོགས་འོག་མ་དང་ཨ་རིའི་སྲིད་འཛིན་གྱི་མོས་མཐུན་བྱུང་བའི་རྗེས་གྲོས་གཞི་དེ་དངོས་སུ་ཁྲིམས་ཡིག་ཏུ་འགྱུར་ཏེ། རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་རྒྱ་ལམ་དེའི་མིང་ལ་Liu Xiaobo Plaza ཞེས་མིང་བསྒྱུར་གནང་ཆོག་གི་ཡོད་པ་རེད། གྲོས་གཞི་དེ་བཏོན་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་Ted Cruz ཡི་གཞུང་ལས་ཁང་ནས་། གྲོས་གཞི་དེ་ནི་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་སེམས་པ་མཚོན་ཐབས་ཀྱི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད་།།
གསར་འགོད་པ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།