དྲུག་བཞིའི་དོན་རྐྱེན་གྱི་འདྲ་པར་ཡོད་པའི་དྲ་རྒྱ་མེད་པ་བཟོས་འདུག

དྲ་རྒྱའི་ཐོག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་ཀྱི་འདྲ་པར་ཞིག་འགྲེམས་སྤེལ་བྱས་ཡོད་པ་དེ་དྲ་རྒྱའི་ཐོག་མེད་པ་བཟོས་འདུག
2008-07-26
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎པེ་ཅིང་གསར་ཤོག་གི་དྲ་རྒྱའི་ཐོག་རེས་གཟའ་ཕུར་བུའི་ཉིན་ ༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་ཀྱི་འདྲ་པར་ཞིག་འགྲེམས་སྤེལ་བྱས་ཡོད་པ་དེ་དྲ་རྒྱའི་ཐོག་མེད་པ་བཟོས་འདུག

རྨས་མ་ཞེས་འགྲེལ་བྱང་དུ་འཁོད་ཡོད་པའི་པར་དེ་བཞིན་ གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཁྲག་གི་ཚོས་པའི་སྟོད་ཐུང་གྱོན་པའི་གཞོན་ནུ་རྨས་མ་ཞིག་འཁོར་གསུམ་རྐང་འཁོར་ཐོག་ཡོད་པ་ཞིག་ཡིན་པ་དེ་ ཨེ་པི་དང་ཀྲའེམ་གསར་དེབ་ཀྱི་པར་པ་ཟུར་པ་ ལིའུ་ཧུང་ཧྲིང་ གི་ལོ་རྒྱུས་མཉམ་སྦྱར་བའི་པར་བཞིའི་ཁོངས་གཏགས་ནས་གཅིག་ཡིན་པ་རེད། པར་དེ་དང་འབྲེལ་ཡོད་རྩོམ་ཡིག་གཉིས་ པེ་ཅིང་གསར་ཤོག་ཐོག་ཐོན་པའི་ཆུ་ཚོད་ཅིག་གཉིས་ཀྱི་རྗེས་ད་གར་གསར་འགྱུར་གྱི་དྲ་རྒྱའི་ཐོག་ནས་ཕྱིར་བཏོན་བྱས་ཡོད་པ་མ་ཚད། རྒྱ་མིའི་འཛིན་སྐྱོང་དཔོན་རིགས་ཚོས་ཁྲོམ་གཞུང་གི་གསར་ཤོག་འགྲེམས་ཚོང་བྱ་ཡུལ་ཚང་མ་ནས་ཉིན་དེའི་པེ་ཅིང་གསར་ཤོག་ཚང་མ་ཕྱིར་བསྡུ་བྱ་རྒྱུའི་བཀའ་རྒྱ་ཡང་བཏང་ཡོད་པའི་སྐོར་ ཁ་ས་ཧོང་ཀོང་གི་ མིང་པའོ་གསར་ཤོག་ནང་གནས་ཚུལ་བཀོད་འདུག

པེ་ཅིང་གསར་ཤོག་གི་རྩེད་བསྒྲིགས་པ་ཚོར་ ཨེ་པི་གསར་ལས་ཁང་གིས་ཁ་པར་ཐོག་འབྲེལ་བ་གནང་ཡོད་ཀྱང་འབྲེལ་ཡོད་ལས་བྱེད་པ་ཚོས་གནད་དོན་དེའི་སྐོར་འགྲེལ་བརྗོད་གང་ཡང་བྱས་མི་འདུག དེ་བཞིན་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་དྲིལ་བསྒྲགས་ལས་ཁུངས་ལ་བཏང་བའི་ཁ་པར་ཁག་ལ་བདག་སྤྲོད་བྱེད་མཁན་བྱུང་མེད་པ་དང༌། གསར་ཤོག་དང་དཔེ་བསྐྲུན་ལས་ཁང་ལ་གོང་ཞུས་གནད་དོན་དེའི་སྐོར་འགྲེལ་བཤད་དགོས་པའི་མྱུར་འཕྲིན་ལ་ཡང་ལན་འབྱོར་མི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།