༧གོང་ས་མཆོག་ལ་ཤ་ཞེན་མེད་པ་བཟོ་བའི་ཐབས་ཇུས་ཤིག་རེད།

2016-07-29
གློག་འཕྲིན།
མཆན།
Share
པར་བཀོད།
པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་བས་དུས་འཁོར་དབང་ཆེན་གནང་སྐབས། ༢༠༡༦།༧།༢༡
པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་བས་དུས་འཁོར་དབང་ཆེན་གནང་སྐབས། ༢༠༡༦།༧།༢༡
དྲ་བཤུས།

རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་གཞིས་ཀ་རྩེར་དུས་འཁོར་དབང་ཆེན་གནང་བ་དེ་ནི་རྒྱ་ནག་གིས་ཕུགས་རྒྱང་རིང་པོའི་ངང་བོད་བརྒྱུད་ནང་ཆོས་ཐོག་དབང་བསྒྱུར་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཤ་ཞེན་མེད་པ་བཟོ་བའི་ཐབས་ཇུས་ཤིག་རེད་ཅེས་བརྗོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཚེས་༢༩་ཉིན་བསྒྲགས་དོན། རྒྱ་ནག་གིས་བསྐོ་བཞག་བྱས་པ་དང་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱིས་དད་གུས་ཡིད་ཆེས་མེད་པ་བུ་རྒྱལ་མཚན་ནོར་བུས་ཉེ་དུས་དུས་འཁོར་དབང་ཆེན་གནང་བ་དེ་ནི་རྒྱ་ནག་གི་ཆབ་སྲིད་དམིགས་ཡུལ་བཟུང་ནས་བསྐོ་བཞག་བྱས་པའི་ཆོས་ལུགས་མི་སྣ་ཞིག་གི་མཚན་སྙན་གོང་མཐོར་གཏོང་ཐབས་བྱས་པ་ཞིག་རེད་ཅེས་དང་། དེ་ཡང་ད་ལྟའི་བོད་ནང་གི་ཆོས་དད་ཉམས་ལེན་གྱི་ཐོག་ཚབས་ཆེའི་བཙན་གནོན་བྱེད་པའི་ཁོར་ཡུག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཀྱིས་རྒྱ་གར་ནང་སྐུ་ཉིད་མཇལ་དུ་འགྲོ་མཁན་ཚོར་བཀག་བསྡོམས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་༢༠༡༤་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་སུ་
དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་བསྩལ་གནང་སྐབས་སུ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་འདུ་འཛོམས་དེ་ནི་གཞན་ལ་ཞེ་སྡང་དང་འཇིགས་སྐུལ། དྲག་སྤྱོད་པའི་བྱ་བ་བརྒྱུད་སྐུལ་བྱེད་ས་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ༢༠༡༢ལོར་བོད་མི་བརྒྱ་ཕྲག་མང་པོ་དུས་འཁོར་དབང་ཆེན་ཞུ་བ་རྒྱ་གར་དུ་ཕར་འགྲོ་ཚུར་འོང་མཁན་ཚོ་དུས་ཡུན་རིང་པོ་བཙོན་འཇུག་དང་། ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་པ་ཕོག་ཡོད་པ་རེད། རྒྱ་ནག་གི་བཀོད་ཁྱབ་འོག་བོད་ནང་གཞིས་ཀ་རྩེ་རུ་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་དབང་གནང་བ་དང་བསྟུན་ད་ལྟ་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་གསེར་རྟ་བླ་རུང་སྒར་དུ་གྲྭ་བཙུན་གྱི་གྲྭ་ཤག་བརྒྱ་ཕྲག་བརྒལ་བ་གཏོར་བཤིག་བྱེད་འགོ་ཚུགས་ཡོད་པ་རེད། རྒྱ་ནག་གི་བརྒྱུད་ལམ་ཐོག་གཞིས་ཀ་རྩེ་རུ་དུས་དབང་ཞུ་མཁན་ཉིན་རེ་བཞིན་མི་འབུམ་གཅིག་ཙམ་ཡོད་པ་བརྗོད་ནས། ཆོས་ཕྱོགས་ཀྱི་འདུ་འཛོམས་དེ་ནི་རྒྱ་ནག་གི་འཛམ་གླིང་ཐོག་བོད་ནང་ཆོས་དད་རང་མོས་ཡོད་ཚུལ་གྱིས་དྲིལ་སྒྲགས་ཤིག་རེད་ལ་ཡང་དེ་བཞིན་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་ཐོག་བོད་མི་མི་ཚོགས་ཆེན་པོ་འདུ་འཛོམས་བྱས་པ་དེས་བོད་མི་ཚོར་ནང་ཆོས་དེ་ཇི་ཙམ་གལ་ཆེན་བ་ཡིན་མིན་མཚོན་སྲིད་པ་ཞིག་ཀྱང་རེད་ཅེས་གོང་ཞུས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྒྲགས་འདུག

གསར་འགོད་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།