རྒྱ་ནག་གིས་དྲ་ལམ་མཛད་སྤྱོད་པ་ཁྲི་ཚོ་བརྒལ་བ་འཇུ་བཟུང་བྱས་ཡོད་པ།


2015-08-19
Share
རྒྱ་ནག་ནང་ཉེན་རྟོག་པས་དྲ་རྒྱའི་མཛད་སྤྱོད་པར་ཞིབ་བཤེར་བྱེད་བཞིན་པ། རྒྱ་ནག་ནང་ཉེན་རྟོག་པས་དྲ་རྒྱའི་མཛད་སྤྱོད་པར་ཞིབ་བཤེར་བྱེད་བཞིན་པ།
AFP

རྒྱ་ནག་གིས་གནས་འཕྲིན་དྲ་རྒྱའི་ཐོག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མི་གྲངས་༡༥༠༠༠་ཙམ་འཛིན་བཟུང་བྱས་པ་བཤད་འདུག
དེ་ཡང་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གིས་འདི་ཚེས་༡༨ཉིན་དྲ་ལམ་ཐོག་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། ལྷན་ཁང་དེ་ནས་ད་བར་གནས་འཕྲིན་དྲ་རྒྱའི་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་གནད་དོན་བདུན་སྟོང་བཞི་བརྒྱའི་ཐོག་ཞིབ་འཇུག་གིས་ཉེས་ཅན་པ་མི་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་འཛིན་བཟུང་བྱས་ཟིན་པ་མ་ཟད། ཕྱིན་ཆད་དྲ་རྒྱའི་ཐོག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཚོའི་ཐོག་རྟོགས་ཞིབ་དང་། དམ་དྲགས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་དང༌། ཡང་ད་བར་འཛིན་བཟུང་བྱས་པའི་མི་སྣ་དེ་དག་གིས་གནས་འཕྲིན་དྲ་རྒྱའི་ཐོག་འཆལ་སྤྱོད་དང༌། གོ་མཚོན་ཚོང་འགྲེམས། རྒྱན་རྩེད་སོགས་ཀྱི་དྲིལ་བསྒྲགས་དང༌། དེ་བཞིན་སྤྱི་ཚོགས་བརྟན་ལྷིང་ལ་གནོད་གཞིའི་རྫུན་གཏམ་སྤེལ་བའི་ནག་ཉེས་བསགས་ཡོད་སྐོར་བཤད་པ་ལས། མི་གྲངས་ཆིག་ཁྲི་ལྟ་སྟོང་དེ་དག་དུས་ཡུན་གང་གི་ནང་ཚུད་འཛིན་བཟུང་བྱས་པའི་སྐོར་གསལ་བཤད་གང་ཡང་བྱས་མེད་པ་རེད།
གནས་ཚུལ་ནང་མུ་མཐུད་བཀོད་གསལ་ལ་གཞིགས་ན། ཕྱི་ལོ་༢༠༡༣ལོར་Xi Jinpingརྒྱ་ནག་གི་སྲིད་འཛིན་དུ་བསྐོ་གཞག་བྱུང་བ་ནས་བཟུང་གནས་འཕྲིན་དྲ་རྒྱའི་ཐོག་དམ་བསྒྲགས་ཆེ་རུ་གཏོང་འགོ་ཚུགས་པ་མ་ཟད། དམིགས་བསལ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་ལ་ཉེན་ཁ་བཟོ་གཞིའི་གནས་ཚུལ་རིགས་རྩ་བ་ནས་འདོན་སྤེལ་བྱེད་བཅུག་གི་མེད་པའི་འགྲེལ་བརྗོད་བྱས་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།