རྒྱ་ནག་གི་སྲིད་བློན་བལ་ཡུལ་གྱི་འཚམས་གཟིཌ་ཕྱིར་འགྱངས།

བལ་ཡུལ་དུ་རྒྱ་ནག་སྲིད་བློན་གྱི་གཟིགས་བསྐོར་དེ་སྲུང་སྐྱོབ་ཀྱི་ཉེན་ཚབས་དང་འབྲེལ་བའི་ཐོག་དུས་ཚོད་ངེས་མེད་ཐོག་ཕྱིར་འགྱང་བྱས་པ།

2011-12-13
Share

༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཇའི་པའོ་ཡི་བདུན་རྗེས་མའི་བལ་ཡུལ་གྱི་གཟིགས་བསྐོར་དེ་སྲུང་སྐྱོབ་ཀྱི་ཉེན་ཚབས་དང་འབྲེལ་བའི་ཐོག་དུས་ཚོད་ངེས་མེད་ཐོག་ཕྱིར་འགྱང་བྱས་པ་བལ་ཡུལ་གྱི་གྲོས་ཚོགས་ཀྱི་དཔོན་རིགས་རྣམས་ཀྱིས་གསུང་ཡོད་པ་རེད་ བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ན་ར་ཡན་ཤེརེསི་ཐ་ཡི་སྐུ་སྒེར་དྲུང་ཆེ་ཧི་ར་ལལ་ཅའོ་རྡ་རི་ཡིས་རྒྱ་མིའི་ཕྱོགས་ནས་སྲིད་བློན་ལྦན་ཇའི་པའོ་ཡི་གཟིགས་བསྐོར་དེ་ཕྱིར་འཐེན་བྱེད་རྒྱུའི་དགོས་འདུན་བཏོན་པར་དེར་ང་ཚོའི་ངོས་ནས་ངོས་ལེན་བྱས་པ་ཡིན་ཞེས་གསུང་འདུག
བལ་ཡུལ་གྱི་དཔོན་རིགས་རྣམས་ཀྱིས་རྒྱ་ནག་གི་སྲིད་བློན་མཆོག་གི་ད་ཐེངས་ཀྱི་བལ་ཡུལ་གྱི་རྒྱལ་དོན་འཚམས་གཟིགས་དེ་ཕྱིར་འགྱང་གནང་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་མེད་ཀྱང་ཁོང་ཚོས་རྒྱ་མིའི་ངོས་ནས་ཁོང་གི་སྲུང་སྐྱོབ་དང་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོང་སྙམ་པའི་བློ་འཚབ་ཡོད་སྐོར་གསུང་ཡོད་པ་རེད་ ཡང་བལ་ཡུལ་གྱི་དཔོན་རིགས་རྣམས་ཀྱིས་སྲིད་བློན་ལྦན་གྱི་བལ་ཡུལ་གྱི་གཟིགས་བསྐོར་གྱི་ཚེས་ཆ་དེ་རྒྱ་ནག་གཞུང་གི་གོང་བལ་ཡུལ་གཞུང་ཕྱོགས་ནས་གསལ་བསྒྲགས་གནང་བར་རྒྱ་ནག་ཁོང་ཁྲོ་ལངས་སྐོར་བལ་ཡུལ་གྱི་དཔོན་རིགས་རྣམས་ཀྱིས་གསུང་འདུག     སྔོན་འཆར་ལྟར་ན་སྲིད་བློན་ལྦན་དང་བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཏ་རའེ་རྣམ་གཉིས་ཀྱིས་བལ་ཡུལ་ལ་དངུལ་གྲོ་ལར་འཐེར་འབུམ་མང་པོའི་ཚོང་གི་མ་རྩ་འཛུགས་འཇོག་སྐོར་གྲོས་མོལ་དང་རྒྱ་མིའི་ངོས་ནས་བོད་ནས་བོད་མི་སྐྱབས་བཅོལ་བ་རྣམས་བལ་ཡུལ་ནང་ཡོང་རྒྱུ་དེ་མཚམས་འཇོག་ཡོང་རྒྱུའི་ཐོག་དགོས་འདུན་བཏོན་རྒྱུ་ཡིན་པ་རེད་།       

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།