རྒྱ་ནག་ཏུ་བཟོ་པར་ལུགས་མཐུན་ཐོབ་ཐང་འདྲ་མཉམ་མེད་པ།

རྒྱ་ནག་གཞུང་གིས་རྡུང་རྡེག་ཚ་ནན་བཏང་བའི་ལས་འགུལ་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

2010.06.30

༄༅༎ཉེ་བའི་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་བཟོ་གྲྭའི་ལས་བཟོ་པ་ཚོས་ངོ་རྒོལ་གཅིག་མཇུག་གཉིས་མཐུད་བྱས་པ་དེས་རྒྱ་ནག་གི་བཟོ་པ་ཚོར་ལུགས་མཐུན་ཐོབ་ཐང་མེད་པ་དང༌། སྤྱི་ཚོགས་ནང་འདྲ་མཉམ་མེད་པའི་རྣམ་པ་གསལ་བཏོན་བྱས་ཡོད་ཅིང༌། དེའི་ལན་དུ་རྒྱ་ནག་གཞུང་གིས་རྡུང་རྡེག་ཚ་ནན་བཏང་བའི་ལས་འགུལ་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

ཨི་པོཀ་དུས་བབ་ཅེས་པའི་གསར་ཤོག་ནང༌གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་གི་ས་ཁུལ་མང་པོའི་ནང་ལས་བཟོ་པ་ཚོས་ངོ་རྒོལ་བྱས་པ་དེ་ཚོས་རྒྱ་ནག་གི་སྤྱི་ཚོགས་ནང་མང་ཚོགས་འདོད་བློ་མ་ཁེངས་པའི་རྣམ་པ་གསལ་པོ་ཞིག་མཚོན་གྱི་ཡོད་པ་མ་ད། སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་མེད་པ་དང་དྲང་བདེན་མེད་པའི་དབང་གིས་ལས་བཟོ་པའིཁྲོད་བརྟན་ལྷིང་མེད་པ་ཆགས་ཡོད་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་པ་གནང་འདུག། ངོ་རྒོལ་བྱེད་མཁན་ལས་བཟོ་པ་མང་པོ་ཞིག་གིས་གླ་ཕོག་སྤར་དགོས་རྒྱུའི་དགོས་འདུན་བཏོན་པ་ཅིག་པུ་མ་ཡིན་པར། བཟོ་པའི་བདེ་སྡུག་རྩོད་གླེང་བྱེད་མཁན་རང་དབང་ཅན་གྱི་བཟོ་པའི་སྡེ་ཚོགས་གསར་འཛུགས་བྱ་དགོས་རྒྱུའི་དགོས་འདུན་ཡང་བཏོན་བཞིན་ཡོད་པ་རེད།

རྒྱ་ནག་ནང་བཟོ་གྲྭའི་ལས་བཟོ་པ་ཚོས་ངོ་རྒོལ་མུ་མཐུད་བྱས་པ་ཡིན་ན་ རྒྱ་ནག་དེ་བཞིན་འཛམ་གླིང་ནང་གི་བཟོ་གྲྭ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་གནས་སྟངས་ལ་ཉེན་ཁ་ཡོད་པ་མ་ཟད། དམར་པོའི་གཞུང་གི་ཆགས་འཇིགས་ལའང་ཉེན་ཁ་བཟོ་རྒྱུ་ཡིན་སྟབས། གནད་དོན་མཁས་པ་ཚོས་། ལས་བཟོ་པའི་དགོས་འདུན་ཁག་དྲག་ཤུགས་ཀྱི་ལམ་ནས་འགོག་ཐབས་བྱས་ཚེ་། དེར་ལམ་ལྷོང་ཡོང་རྒྱུ་མིན་པའི་སྔོན་དཔག་གནང་འདུག།

ཉེ་ལམ་ཟླ་བ་འདིའི་ཚེས་༡༣ཉིན་རྒྱ་ནག་སྤྱི་བདེ་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་དྲག་ཟིང་གི་བྱ་སྤྱོད་རིགས་འགོག་ཐབས་སུ་ ཟླ་བ་བདུན་རིང་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎