རྒྱ་ནག་གི་དྲིལ་བསྒྲཊ་ཁག་དངོས་བདེན་མིན་པའི་ར་སྤྲོད་བྱུང་།

2016-12-07
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་དང་རྒྱ་རིགས་ཤེས་ཡོན་ཅན་རེས་ཀོང་Rui Gong ༢༠༡༦།༡༠
༧གོང་ས་མཆོག་དང་རྒྱ་རིགས་ཤེས་ཡོན་ཅན་རེས་ཀོང་Rui Gong ༢༠༡༦།༡༠
tibet.net

རྒྱ་རིགས་ན་གཞོན་སློབ་ཕྲུག་ཚོགས་པ་དང་ན་གཞོན་རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་མི་ཁག་ཅིག་གིས་ཉེ་སྔོན་ཕྱི་ཟླ་༡༠་པའི་ནང་བཞུགས་སྒར་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་གྱི་ཞུ་རྒྱུའི་གོ་སྐབས་ཐོབ་པའི་གྲས་ནས། ན་གཞོན་བུད་མེད་རེས་ཀོང་Rui Gong་གིས། ༧གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་ཁ་བྲལ་བ་ཡིན་པའི་སྐྱོན་བརྗོད་ཞུ་བཞིན་ཡོད་པ་དེ་དངོས་བདེན་མིན་པ་རང་ཉིད་ནས་༧གོང་ས་མཆོག་དང་ཞལ་མཇལ་དངོས་སུ་ཐོབ་སྐབས་ར་འཕྲོད་བྱུང་ཡོད་པའི་རྩོམ་ཡིག་ཅིག་སྤེལ་འདུག
རྒྱ་མི་རིགས་ན་གཞོན་རེས་ཀོང་Rui Gongགིས། ཁོང་ཆུང་དུས་སུ་རྒྱ་ནག་ནང་འཚར་ལོངས་བྱེད་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་ཏཱ་ལའི་ཕྱོགས་གཏོགས་རུ་ཁག་ཚོ་ཁ་བྲལ་རིང་ལུགས་པ་ཡིན་པ་དང་། ཆིངས་ཡིག་དོན་ཚན་༡༧་ལ་རྩིས་མེད་བཏང་ནས་རྒྱ་གར་དུ་བྲོས་བྱོལ་གྱིས་བཙན་བྱོལ་བོད་གཞུང་གསར་འཛུགས་གནང་བ་སོགས་ཀྱི་དྲིལ་བསྒྲགས་སྤེལ་བ་དེ་ཚོས་རྒྱ་མི་རིགས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཏེ་རྒྱ་ནག་གི་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་བྲིས་འདུག འོན་ཀྱང་རེས་ཀོང་Rui Gong་འདི་ལོ་ཕྱི་ཟླ་༡༠་པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཕྱིན་ནས་༧གོང་ས་མཆོག་གི་ཞལ་དངོས་སུ་མཇལ་སྐབས། ༧གོང་ས་མཆོག་གི་ཐུགས་བཞེད་ནི་རྒྱ་གཞུང་གིས་སྤེལ་བའི་དྲིལ་བསྒྲགས་དང་རྦད་དེ་ལྡོག་ཕྱོགས་ཡིན་པའི་མཐོང་ཚུལ་བྱུང་འདུག
Rui་ཡིས་བྲིས་གནང་བའི་རྩོམ་ཡིག་དེའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་དང་པོར་མཇལ་བའི་སྐབས་སུ་རང་ཉིད་ཀྱི་ལོ་མང་ནས་རྒྱུས་མངའ་ཡོད་པའི་གྲོགས་པོ་རྙིང་པ་ཞིག་མཇལ་བ་ལྟ་བུའི་ཚོར་སྣང་བྱུང་ཡོད་པ་མ་ཟད། ༧གོང་ས་མཆོག་གི་ཞལ་རས་ཐོག་བརྩེ་བའི་ཕ་ལྟར་གྱི་འཛུམ་མདངས་དང་། ཞི་བདེའི་ཁོར་ཡུག་བཟང་པོ་ཞིག་ནང་ང་ཚོར་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་བྱས་འདུག དེ་བཞིན་Rui Gong གིས། ༧གོང་ས་མཆོག་གིས་གང་ཉིད་Marx་ལྟ་གྲུབ་ལ་ཁས་ལེན་གནང་མཁན་ཞིག་ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕེན་གྱིས་ཡུལ་གྱི་ནང་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེ་རྒྱ་ནག་གཞུང་ལ་བཅོས་བསྒྱུར་གཏོང་རྒྱུའི་ཐབས་ལམ་བཟང་པོ་ཞིག་ཡིན་རུང་ཞི་ཅིང་ཕེན་གྱིས་བྱམས་སྙིང་རྗེའི་ཐོག་གཞི་བཞག་པའི་རིག་གནས་གསར་བརྗེ་ཞིག་བཏང་བ་ཡིན་ན་ལེགས་ཚུལ་བཀའ་གནང་བ་དེ་ནི་རླབས་ཆེན་གྱི་དགོངས་པ་ཞིག་ཡིན་སྐོར་སོགས་འཁོད་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།