བོད་རིག་པའི་ཞིབ་འཇུག་གི་འཐུས་མི་ནིའུ་ཡོག་ཏུ་འབྱོར་བ།

རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རིག་པའི་སྐུ་ཚབ་འཐུས་མི་རྣམས་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་ཡོད་པའི་གནས་ཚུལ།

2010.09.12

༄༅༎རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རིག་པའི་སྐུ་ཚབ་འཐུས་མི་རྣམས་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་ཏེ། ཨ་མི་རི་ཀའི་ནང་གི་འཚམས་འདྲིར་འགོ་བཙུགས་བྱས་ཡོད་པའི་སྐོར་དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་ཤིང་ཧྰ་གསར་ཤོག་ལས་ཁང་གིས་གནས་ཚུལ་སྤེལ་བཞག

ཤིང་ཧྰ་གསར་ཤོག་དེའི་ཐོག་ལ། བོད་རིག་པའི་སྐུ་ཚབ་འཐུས་མི་རྣམས་ཁེ་ན་ཌའི་ནང་གཟའ་འཁོར་གཅིག་རིང་གི་འཚམས་འདྲི་ཚར་བའི་རྗེས་རེས་གཟའ་ཕུར་བུའི་ཕྱི་དྲོ་ནས་ཨ་རིའི་གྲོང་ཁྱེར་ནའུ་ཡོག་ཏུ་འཚམས་འདྲི་བྱེད་འགོ་བཙུགས་ཡོད་པ་དང༌། ཁོང་ཚོ་ཨ་རིའི་ནང་གི་ཉིན་དང་པོའི་འཚམས་འདྲི་འགོ་བཙུགས་པ་མ་ཐག་ནས་ཨ་མི་རི་ཀ་བ་ཚོ་བོད་ཀྱི་ཐོག་ལ་ཧ་ཅང་གི་དོ་སྣང་ཆེན་པོ་ཡོད་པ་ཤེས་རྟོག་བྱུང་ཚུལ་བོད་རིག་པའི་སྐུ་ཚབ་འཐུས་མིའི་འགོ་ཁྲིད་བཀྲ་བློ་ལགས་ཀྱིས་ཤིང་ཧྰ་གསར་འགྱུར་ལས་ཁང་ལ་བཤད་ཡོད་པ་ལུང་འདྲེན་བྱས་འདུག ད་དུང་བཀྲ་བློ་ལགས་ཀྱིས་ཁོང་ཚོ་བོད་རིག་པའི་སྐུ་ཚབ་འཐུས་མི་ཚོའི་ངོས་ནས་ཨ་མི་རི་ཀ་བ་རྣམས་བོད་དུ་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཡོད་ཅེས་བཤད་ཚུལ་དང༌། ད་རེས་ཁོང་ཚོའི་འཚམས་འདྲིའི་དམིགས་ཡུལ་ནི། ཨ་མི་རི་ཀའི་ཆེད་ལས་པའི་ལྷན་དུ་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་བོད་ནང་གི་ཡར་རྒྱས་ཀྱི་གནས་སྟངས་སྐོར་གོ་རྟོག་སྤེལ་རྒྱུ་ཡིན་པ་བཤད་ཡོད་པ་རེད། ཤིང་ཧཱ་གསར་ཤོག་དེའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རིག་པའི་སྐུ་ཚབ་འཐུས་མི་ཚོས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གྲ་དང་དེ་བཞིན་གྱི་མཐོ་རིམ་སློབ་གྲ་གཞན་གྱི་སློབ་ཕྲུག་དང་མཁས་དབང༌། ཆེད་ལས་པ་ཁྱོན་༣༠ཙམ་དང་བགྲོ་གླེང་གནང་སྟེ་ཁོང་ཚོའི་ངོས་ནས་བོད་རིག་པའི་ཐོག་ལ་གཏམ་བཤད་བྱས་པ་མ་ཟད། བོད་ཀྱི་ཤེས་ཡོན་དང༌། དེང་རབས་ཅན། ཆོས་ལུགས། ཁོར་ཡུག་སྲུང་སྐྱོབ། བོད་ནང་དཔལ་འབྱོར་ཡར་རྒྱས་སྐོར་ལ་འདྲི་བ་ཁག་ལ་ལན་འདེབས་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད། རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རིག་པའི་སྐུ་ཚབ་འཐུས་མི་རྣམས་གཟའ་འཁོར་གཅིག་རིང་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཁུ་ལྦར་དང༌། ཀྲོ་རན་ཀྲོ་ ཨོ་ཀྲ་ལྦ་བཅས་ནང་འཚམས་འདྲི་གྲུབ་པའི་རྗེས། རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་བ་དང༌། དེ་རྗེས་མུ་མཐུད་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དང༌། གྲོང་ཁྱེར་ལོ་སི་ཨེན་ཇེ་ལེ་སི་ནང་འཚམས་འདྲིར་བསྐྱོད་ཀྱི་ཡོད་པའི་གནས་ཚུལ་བཀོད་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎