འགྲིམ་འགྲུལ་ཉེན་རྟོག་པས་འཛམ་ཐང་དང་གསེར་རྟ་སོཊ་སུ་དམ་དྲག་ཇེ་ཆེར་བཏང་འདུག

2017-09-28
གློག་འཕྲིན།
མཆན།
Share
པར་བཀོད།
གསེར་རྟ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཁྱབ། ༢༠༡༧།༩
གསེར་རྟ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བརྡ་ཁྱབ། ༢༠༡༧།༩
གུ་རུ་ཆོས་སྐྱིད། བོད་འབྱོར།

བོད་མདོ་སྨད་རྔ་བ་ཁུལ་འཛམ་ཐང་རྫོང་དུ་རྒྱ་མིའི་འགྲིམ་འགྲུལ་ཉེན་རྟོག་པས་བོད་མི་ཚོའི་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་མིང་འབོད་མ་གནང་པའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་པར་གཞིགས་ན། འཛམ་ཐང་རྫོང་འདི་ནི་འབྲོག་པའི་ས་ཁུལ་ཞིག་ཡིན་པ་དང་ཡི་གེ་ཤེས་མཁན་ཡང་ཉུང་ཉུང་ཡིན་པའི་ས་གནས་ཤིག་ཡིན་ཞིང་། བོད་མི་སྒེར་འཁོར་ཡོད་མཁན་ཡང་ཉུང་ཉུང་ཡིན་པའི་ཁར་མོ་ཊའི་ཁ་ལོ་བའི་འཛིན་ཡིག་ཡོད་མཁན་ཡང་ཉུང་ཉུང་འདུག འོན་ཀྱང་ས་གནས་བོད་མི་མོ་ཊའི་ཁ་ལོ་པ་དང་སྒེར་འཁོར་ཡོད་མཁན་ཚོས་སྤྱི་ཡོངས་ཀྱི་འགྲོ་ལུགས་ལྟར་མོ་ཊ་གཏོང་ཆོག་པའི་འཛིན་ཡིག་བླངས་ཏེ་འགྲིམ་འགྲུལ་བྱེད་བཞིན་པར་ད་བར་དཀའ་ངལ་འཕྲད་ཀྱི་མེད་ཀྱང་། ཉེ་ཆར་འཛམ་ཐང་རྫོང་དང་བ་ར་ཡུལ་ཚོ་བཅས་ཀྱི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱི་ཟླ་བཅུ་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅུ་དགུ་པ་མ་ཚུགས་སྔོན་ས་གནས་དེ་དག་གི་ནང་ཞི་རྒོལ་རིགས་ཡོང་མི་ཆོག་པ་ལ་སོགས་པའི་དམ་བསྒྲགས་བྱ་རྒྱུའི་དྲིལ་བསྒྲགས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་འདུག
དེ་དང་དུས་མཚུངས་གསེར་རྟ་ཁུལ་ལ་ཡང་༢༠༡༧་ཕྱི་ཟླ་ ༩ ་ཚེས་ ༢༨ ་ནས་ཕྱི་ཟླ་ ༡༠ ་ཚེས་ ༡༠ ་བར་ཡིག་ཆ་མེད་མཁན་སྦག་སྦག་གམ་འཕྲུལ་རྟ་གཞུང་ལམ་ཐོག་འགྲོ་འོང་མི་ཆོག་པ་དང་། གལ་ཏེ་འགྲོ་འོང་བྱས་ན་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་བྱེད་དགོས་རྒྱུ་སོགས་འཁོད་པའི་དོ་དམ་བརྡ་ཁྱབ་ཅིག་ཕྱི་ཟླ་ ༩ ་ཚེས་ ༢༣ ་ཉིན་གསེར་རྟ་རྫོང་སྤྱི་བདེ་ཚན་པས་བཏང་བའི་ནང་འཁོད་འདུག
འཛམ་ཐང་རྫོང་ནང་གི་བོད་མི་མོ་ཊ་གཏོང་མཁན་དང་སྒེར་འཁོར་ཡོད་མཁན་ཚོར་དམིགས་བསལ་དམ་བསྒྲགས་ཀྱིས་དངུལ་གྱི་ཉེས་ཆད་བཏང་བ་སོགས་བྱེད་བཞིན་ཡོད་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།