རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ལ་ཁྲིམས་ཐག་བཅད་འདུག

2014-07-23
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་རིགས་རྩོམ་བྲིས་མཁན་Dong Rubinགི་དྲ་ངོས།
རྒྱ་རིགས་རྩོམ་བྲིས་མཁན་Dong Rubinགི་དྲ་ངོས།
དྲ་བཤུས

རྒྱ་ནག་ནང་དྲ་རྒྱ་བརྒྱུད་རྒྱ་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ལ་མི་ལོ་དྲུག་དང་ཕྱེད་ཀའི་དུས་བཀག་ཁྲིམས་ཐག་བཅད་འདུག
དེ་ཡང་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐོག་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་མཁན་རིགས་ལ་དམ་དྲག་བཀག་སྡོམ་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ནང་། རྒྱུན་རིང་དྲ་ལམ་ཐོག་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཙམ་མ་ཟད། སྤྱི་ཚོགས་ནང་ཁོར་ཡུག་གི་གནད་དོན་དང་། ཉེན་རྟོག་པས་དྲག་རྩུབ་ཀྱི་བྱ་སྤྱོད་སོགས་ལ་ཐེར་འདོན་གྱི་རྩོམ་བྲིས་བྱེད་མཁན་རྒྱ་རིགས་ཚོང་པ་Dong Rubinའམ་སྨྱུག་མིང་ལ་Bianmin ཞེས་པ་དེར། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ལྷོ་བྱང་Yunan ཞིང་ཆེན་གྱི་Whuhuaརྗོང་གི་ཁྲིམས་ཁང་ནས་ལོ་༦དང་ཕྱེད་ཀའི་རིང་བཙོན་དུས་ཀྱི་ཉེས་ཆད་བཀལ་འདུག དྲ་རྒྱའི་རྩོམ་བྲིས་པ་Dong Rubinགིས་༢༠༠༩ལོར་ Yunan ཞིང་ཆེན་ཉེན་རྟོག་པས་Li Qiaoming ཞུ་བའི་རང་ལོ་༢༤ཅན་ཞིག་ལ་ཉེས་རྡུང་ཚད་མེད་བཏང་པའི་རྐྱེན་ཀླད་པར་རྨས་སྐྱོན་ཕོག་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཡོངས་གྲགས་ཐེར་འདོན་བྱས་པ་དང་། ཡང་སྔ་ལོ་Yunanཞིང་ཆེན་གྱི་རྒྱལ་ས་Kunming ཉེ་འགྲམ་དུ་རྡོ་སྣུམ་དང་རྗས་ལུད་ཀྱི་བཟོ་གྲྭ་འཛུགས་བསྐྲུན་གྱི་ལས་འཆར་ལ་དགག་བྱའི་རྩོམ་བྲིས་སྤེལ་བའི་རྗེས་མི་མང་སྟོང་ཕྲག་མང་པོས་རྔམ་སྟོན་ཁྲོམ་བསྐོར་བརྒྱུད་ལས་གཞི་དེར་ངོ་རྒོལ་བྱས་པ་སོགས་གཞུང་གི་སྲིད་ཇུས་ལ་ཕོག་ཐུག་གི་གནས་ཚུལ་བསྟུད་མར་བཟོས་ཡོད་པ་རེད། Wuhua རྗོང་སྡེ་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་ནང་Dong Rubinགྱིས་ཁྲིམས་འགལ་གྱི་ཚོང་ལས་སྤེལ་བ་དང་། སྒེར་གྱི་དཔལ་འབྱོར་གྱི་ཁེ་ཕན་ཆེད་དྲ་ལམ་བརྒྱུད་འཁྱོག་བཤད་ཀྱི་གནས་ཚུལ་དང་དཀྲོག་གཏམ་ཁྱབ་སྤེལ་བྱས་ལུགས་བརྗོད་དེ་ ཁོ་པར་ལོ་༦དང་ཕྱེད་ཀའི་བཙོན་དུས་དང་། མ་གནས་ཨ་སྒོར་༥༦༠༠༠ཐམ་པའི་ཆད་པ་བཀལ་འདུག་ལ་དེ་བཞིན་Hou Peng ཟེར་བའི་ཁོང་གི་ཚོང་རོགས་ཤིག་ལའང་ལོ་གསུམ་བཙོན་དུས་ཉེས་ཆད་དང་མ་དངུལ་གྱི་ཆད་པ་བཀལ་ཡོད་པ་རེད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།