བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གྱི་མངའ་སྡེའི་དབུ་ཁྲིད་དང་མཇལ་འཕྲད་ཞུས་འདུག

2018-10-05
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གྱི་མངའ་སྡེའི་དབུ་ཁྲིད་དང་མཇལ་འཕྲད་ཞུས་སྐབས། ༢༠༡༨།༡༠།༤
བོད་མི་མང་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་གྱི་མངའ་སྡེའི་དབུ་ཁྲིད་དང་མཇལ་འཕྲད་ཞུས་སྐབས། ༢༠༡༨།༡༠།༤
chithu.org

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་འབྲས་ལྗོངས་དང་མཧ་རཤ་ཊཱའི་མངའ་སྡེའི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་ཡོད་འདུག
དེ་ཡང་སྤྱི་འཐུས་ཀྱི་ཚོགས་དྲུང་ལས་ཁུངས་ནས་གནས་ཚུལ་བཏང་བར་ལྟར་ན། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་ལས་གྲུབ་པའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྒང་ཏོག་ཁུལ་དུ་ཕེབས་འབྱོར་གནང་སྟེ་མངའ་སྡེའི་སྲིད་སྐྱོང་དབུས་པའི་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཕྱི་ཟླ་བཅུ་པའི་ཚེས་༢ཉིན་གོང་ཞུས་སྤྱི་འཐུས་རྣམས་པ་བཞུགས་སྒར་ཕེབས་ཐོན་གྱིས་སྤྱི་ཚེས་༣ཉིན་སྒང་ཏོག་དུ་ཕེབས་འབྱོར་བྱུང་ནས་ཕྱི་ཚེས་༤ཉིན་གྱི་ཞོགས་པ་སྒང་ཏོག་རྒྱལ་སའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕུན་ཚོགས་ཆོས་འཕེལ་ལགས་དང་། འབྲས་ལྗོངས་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ (Shri Ganga Prasad) མཆོག་དེ་བཞིན་མངའ་སྡེའི་དྲུང་ཆེ་ཚེ་རྒྱལ་བཀྲིས་ལགས་བཅས་དང་མཇའ་འཕྲད་ཀྱིས་བཀའ་མོལ་ལྷུག་པོ་གནང་ཡོད་པ་དང་། དེའི་སྐབས་སྤྱི་འཐུས་སྐུ་ཚབ་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་དབུ་མའི་ལམ་གྱི་སྲིད་བྱུས། ་བོད་རྒྱ་འབྲེལ་མོལ་དང་། བཙན་བྱོལ་བད་མིའི་གཞིས་ཆགས་ཁག་གི་གནས་སྟངས་བཅས་ངོ་སྤྲོང་གནང་བ་དང་འབྲེལ་བོད་དོན་ཐད་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཡོང་རྒྱུའི་འབོད་སྐུལ་ཡིག་ངག་གཉིས་ནས་ཞུས་པར་འབྲེལ་ཡོད་དཔོན་རིགས་རྣམས་པས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་རོགས་རམ་གང་ནུས་སྔར་ལྷག་ཞུ་ངེས་ཀྱི་ཞལ་བཞེས་བཟང་པོ་ཐོབ་ཡོད་པའི་སྐོར་འཁོད་འདུག
དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་ཅིག་ལས་གྲུབ་པའི་སྐུ་ཚབས་ཚོགས་ཆུང་གཞན་ཞིག་རྒྱ་གར་གྱི་ལྷོ་ཕྱོགས་ཁུལ་དུ་ལས་དོན་ཕེབས་བཞིན་པ་ལྟར་། ཁོང་རྣམས་པས་རྒྱ་གར་གྱི་མཧ་རཤ་ཊཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བ་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་རྒྱུའིའབོད་སྐུལ་ཞུས་འདུག

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།