སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་བཞེས་གནང་ཡོད་པ།

2018-12-01
གློག་འཕྲིན།
མཆན།
Share
པར་བཀོད།
༢༠༡༨།༡༢།༠༡།སྤྱི་འཐུས་པདྨ་བྱུང་གནས་མཆོག་གིས་སྤྱི་འཐུས་ཚོགས་གཙོ་གསར་པའི་མཛད་འཁུར་གྱི་དམ་འབུལ་བཞེས་གནང་འདུག
༢༠༡༨།༡༢།༠༡།སྤྱི་འཐུས་པདྨ་བྱུང་གནས་མཆོག་གིས་སྤྱི་འཐུས་ཚོགས་གཙོ་གསར་པའི་མཛད་འཁུར་གྱི་དམ་འབུལ་བཞེས་གནང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །སྤྱི་ཟླ་༡༢་ཚེས་༡ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྤྱི་འཐུས་ཚོགས་གཙོའི་དུས་ཡུན་ལོ་གཉིས་དང་ཕྱེད་ཀ་རྫོགས་གནང་སྟེ། སྤྱི་འཐུས་པདྨ་བྱུང་གནས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་དྲུང་དུ་མཛད་འཁུར་གྱི་དམ་འབུལ་བཞེས་གནང་འདུག  མཛད་སྒོའི་ཐོག་ཁྲིམས་ཞིབ་ཆེ་བ་རྣམ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་མང་གཙོ་བཀའ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་སོགས་ལྷན་བཞུགས་གནང་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་ནང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གསར་པར་པདྨ་འབྱུང་གནས་མཆོག་གིས། འབྱུང་འགྱུར་ལོ་གཉིས་དང་ཕྱེད་ཀའི་རིང་ལས་འཆར་གཙོ་བོ་ཆེ་ཤོས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཆེད་དུ་སོ་སོའི་རང་ནུས་གང་ཡོད་ཀྱི་ཕྱག་ལས་གནང་རྒྱུ་དང་། ལྷག་པར་དུ་བོད་མི་ཚོ་རྒྱ་གར་ནང་གནས་ཡོད་སྟབས། དེ་སྔོན་ཁོང་སྤྱི་འཐུས་ཚོགས་གཙོ་གནང་པའི་སྐབས་སུ་རྒྱ་གར་ནང་གི་གྲོས་ཚོགས་དང་མངའ་སྡེ་གྲོས་ཚོགས་སོགས་ཀྱི་རྒྱབ་སྐྱོར་གང་མང་མང་ཐོབ་ཐབས་སུ་འབད་བརྩོན་གནང་ཡོད་ནའང་། འབད་བརྩོན་གནང་བ་ནང་གཞིན་བྱུང་མེད་པ་གསུངས་ཏེ། ཁོང་གི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་རྒྱུའི་དུས་རིང་མུ་མཐུད་ནས་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་གང་མང་མང་མཇལ་ཐུབ་པའི་འབད་བརྩོན་གནང་རྒྱུ་ཡིན་པའི་སྐོར་གསུངས་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།