བོད་ཀྱི་འཇབ་དམག་གིས་རྒྱ་ནག་ལ་རྒོལ་འཛིང་བྱས་བའི་ལོ་རྒྱུས།


2016.01.12
ཨ་མི་རི་ཁའི་CIA.གསང་བའི་ལས་ཁང་གི་ལས་བྱེད་བགྲེས་ཡོལ་བ་Bruce Riedelལགས་ཀྱིས་ཕྱག་དེབ ཨ་མི་རི་ཁའི་CIA.གསང་བའི་ལས་ཁང་གི་ལས་བྱེད་བགྲེས་ཡོལ་བ་Bruce Riedelལགས་ཀྱིས་ཕྱག་དེབ།
དྲ་བཤུས།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཞིག་གི་ཕྱག་དེབ་ནང་བོད་ཀྱི་འཇབ་དམག་གིས་རྒྱ་ནག་ལ་རྒོལ་འཛིང་བྱས་བའི་ལོ་རྒྱུས་འཁོད་པ།
དེ་ཡང་ཨ་མི་རི་ཁའི་CIA.གསང་བའི་ལས་ཁང་གི་ལས་བྱེད་བགྲེས་ཡོལ་བ་Bruce Riedelལགས་ཀྱིས་ཕྱག་དེབ་ཅིག་བྲིས་གནང་ཡོད་པ་དེའི་ནང། དེ་སྔོན་སྤྱི་ལོ་༡༩༥༠ལོའི་ནང་ཨ་མི་རི་ཁའི་CIAགསང་བའི་ལས་ཁང་བརྒྱུད་དེ་བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་ལ་བོད་རིགས་འཇབ་དམག་འཐབ་འཛིང་པས་རྒོལ་ལན་སློག་ཆེད། ཨ་མི་རི་ཁས་གསང་བའི་ཐོག་ནས་སྐབས་དེར་བྷང་ལ་སྡེ་ཤེའི་རྒྱལ་ས་Dhaka’s Kurmitolaཞེས་པའི་གནམ་ཐང་དེ་ནས་ཨ་རིས་སྦྱོང་བརྡར་སྤྲད་པའི་བོད་རིགས་འཇབ་དམག་འཐབ་འཛིང་པ་མང་པོ་བོད་ནང་གི་ས་ཁུལ་ཁག་ལ་གནམ་ཐོག་ནས་གཡུགས་ཏེ། འཇབ་རྒོལ་བྱས་པའི་ལོ་རྒྱུས་དེ་ཚོའི་སྐོར་ཕྱག་དེབ་དེའི་ནང་བྲིས་གནང་ཡོད་པ་རེད།
སྐབས་དེ་དུས་རྒྱལ་བའི་གཅེན་པོ་ཐུབ་བསྟན་ནོར་བུའམ་སྟག་འཚེར་རིན་པོ་ཆེ་མཆོག་དང་། ཨ་མི་རི་ཁའི་ཨེ་ཤེ་ཡའི་རང་དབང་གི་སྡེ་ཚན་གྱི་CIAདང་འབྲེལ་བ་བྱུང་བ་བརྒྱུད་ཐོག་མར་ཨ་མི་རི་ཁས་དམག་ཆེན་གཉིས་པའི་སྐབས་དྲག་པོའི་རྟེན་གཞི་ཡོད་ས་སཡེཔན་ཞེས་པའི་གླིང་ཕྲན་དེའི་སྟེང་བོད་མི་དྲུག་ལ་སྦྱོང་བརྡར་སྤྲད་ཡོད་པ་རེད།
དེ་རྗེས་མུ་མཐུད་སྐབས་དེར་པ་ཀི་སི་ཐའན་ཡང་དམར་པོའི་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བྷང་ལ་སྡེ་ཤེ་དང་། པ་ཀི་སི་ཐའན་སོགས་བརྒྱུད་དེ་ཨ་རིས་སྦྱོང་བརྡར་སྤྲད་པའི་བོད་རིགས་འཇབ་རྒོལ་འཐབ་འཛིང་པ་མང་པོ་བོད་ཀྱི་ས་གནས་ཁག་གི་ནང་གནམ་ཐོག་ནས་གཡུགས་ནས་རྒྱ་ནག་གི་བཙན་དབང་ལ་འཐབ་འཛིང་བྱས་པའི་ལོ་རྒྱུས་བྱུང་ཡོད་པ་སོགས་ཀྱི་སྐོར་མང་པོ་ཞིག་བཀོད་ཡོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎