ཨ་མི་རི་ཀའི་རྒྱལ་རབས་ལོ་རྒྱུས་ནང་བེུད་སྲིད་འཛིན་འོས་མི་དང་པོ།

2016-07-29
གློག་འཕྲིན།
མཆན།
Share
པར་བཀོད།
ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་Hillary Clinton་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐབས་༧གོང་ས་མཆོག་དང་མཇལ་བ། ༢༠༡༠།༢།༡༨
ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་Hillary Clinton་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐབས་༧གོང་ས་མཆོག་དང་མཇལ་བ། ༢༠༡༠།༢།༡༨
ཨ་རིའི་གཞུང་འབྲེལ་པར་ཚགས།

ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་མཆོག་ཨ་མི་རི་ཀའི་རྒྱལ་རབས་ལོ་རྒྱུས་ནང་བེུད་སྲིད་འཛིན་འོས་མི་དང་པོར་ཨ་རིའི་མང་གཙོ་ཚོགས་པས་བདམས་གནང་བར་ཚེས་༢༨་ཉིན་ཁོང་མོས་ཞལ་བཞེས་གནང་འདུག
དེ་ཡང་འདི་ཚེས་༢༨་ཉིན་གྱི་ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་ཐོག་ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་མཆོག་གིས་ཨ་མི་རི་ཀའི་མི་མང་ཡོངས་རྫོགས་ཡར་རྒྱས་གོང་འཕེལ་ཡོང་ཕྱིར། དཔལ་བྱོར་གོ་སྐབས་གཅིག་མཚུངས་གནང་རྒྱུའི་ཁས་ལེན་དམ་བཅའ་བཞག་གནང་བ་དང་སྦྲགས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་Donald Trump་གིས་ཨ་རི་མུན་ནག་གི་འཆར་སྣང་ལ་ངོ་རྒོལ་གནང་བ་དང་། དེ་ནས་ཁོང་གིས་མི་མང་རྣམས་ལ་གུས་ཞབས་ཆེན་པོ་དང་སེམས་ཐག་གཙང་བཅད། དེ་བཞིན་ཨ་མི་རི་ཀའི་ཕུགས་རེ་བཟང་བའི་ཁས་ལེན་དམ་བཅའ་ཁག་ལ་ཡིད་ཆེས་བློ་གཏད་གཙང་མ་ཡོད་པའི་ཐོག་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་རྒྱུའི་ཞལ་བཞེས་གནང་ཡོད།
རྩ་བའི་འདི་ཟླའི་ཚེས་༢༥་ཉིན་སྟེ་གཟའ་ཟླ་བ་ནས་ཕྱི་ཚེས་༢༨་སྟེ་གཟའ་ཕུར་བུའི་བར་ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་དེ་བཞིན་ཨ་རིའི་ཤར་གྲོང་ཁྱེར་Philadelphia་ནང་ཚོགས་ཡོད་པ་དང་། སྐབས་དེར་ཨ་རིའི་མངའ་སྡེ་ཡོངས་ནས་མང་གཙོ་ཚོགས་པའི་སྐུ་ཚབ་འཐུསམི་༤༧༦༧་ལྷག་ཙམ་འདུ་འཛོམས་གནང་ཐོག་ཚོགས་པ་དེའི་སྲིད་འཛིན་འོས་མི་འོས་བསྡུ་གནང་ཡོད་པ་རེད།
ཨ་རིའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་ཉིན་མཐའ་མ་ཏེ་ཚེས་༢༨་ཉིན་གྱི་ཕྱི་དྲོར་ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་Hillary Clinton་མཆོག་གིས་སྐར་མ་༥༧་རིང་དེར་བསྡུས་མང་ཚོགས་ལ་ཨ་རིའི་མི་མང་ཚོགས་མ་རྡོག་རྩ་ཆིག་སྒྲིལ་ངང་ནས་ལས་དོན་སྤེལ་གལ་ཆེ་བ་དང་། ཨ་རི་དེ་བཞིན་སྔར་བས་སྟོབས་ཤུགས་ཆེ་བ་ཆགས་རྒྱུ་སོགས་གང་ལྟར་ཕུག་རེ་བཟང་བའི་གཏམ་བཤད་གཙོ་བོ་གནང་འདུག
ལྕམ་ཧེ་ལར་རེས་ཁི་ལེ་ཀྲོན་མཆོག་དེ་སྔ་ཁོང་གི་སྐུ་ཟླ་Bill Clinton་མཆོག་སྲིད་འཛིན་ཡིན་པའི་སྐབས་དང་། ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་སྐབས་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་གནང་ཡོད་པ་རེད།
བདུན་ཕྲག་སྔོན་མར་ཨ་རིའི་མངའ་སྡེ་Ohio་འི་གྲོང་ཁྱེར་Cleveland་ནང་ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་ནས་Donald Trump་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདམས་ཡོད་པ་རེད།
ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་དེ་བཞིན་འདི་ལོའི་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་གནང་འཆར་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།