ཉི་ཧོང་དང་ཨ་རིའི་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུ་ཡིན་སྐོར།

ཉི་ཧོང་ནང་གཞུང་གསར་པའི་སྲིད་ཇུས་འཛིན་ཕྱོགས་ལ་མ་ལྟོས་པར་ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུ་ཡིན་སྐོར།

2009-09-17
Share

༄༅༎ཉི་ཧོང་ནང་གཞུང་གསར་པའི་སྲིད་ཇུས་འཛིན་ཕྱོགས་ལ་མ་ལྟོས་པར་ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུ་ཡིན་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊེན་ཡིས་གསུངས་གནང་བཞག

ཉི་ཧོང་གི་སྲིད་བློན་གསར་པ་ཡུ་ཀི་ཡོ་ཧ་ཏོ་ཡ་མ་མཆོག་ནས་ཁོང་གིས་དབུ་འཁྲིད་པའི་ཉི་ཧོང་གཞུང་གིས་རྒྱལ་སྤྱིའི་ཐོག་ཉི་ཧོང་གི་འགན་དབང་ཆེ་ཙམ་བཞེས་རྒྱུ་དང་ལྷག་པར་དུ་ཉི་ཧོང་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་དེ་ཆ་སྙོམ་ལྡན་པའི་འབྲེལ་ལམ་ཞིག་སྐྲུན་ཐབས་གནང་རྒྱུ་སོགས་ཉི་ཧོང་གི་ཕྱི་འབྲེལ་སྲིད་ཇུས་གསལ་འདོན་གནང་ཏེ་ཉི་ཧོང་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་ལ་ཕྲན་བུའི་འགྱུར་ལྡོག་ཡོང་སྲིད་པར་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་ཞིབ་གནང་བཞིན་ཡོད་པ་རེད། ཡིན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལ་རི་ཀི་ལིན་ཊེན་མཆོག་གིས་ཉི་ཧོང་ནང་གཞུང་སྲིད་འཕོ་འགྱུར་སོང་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཅི་ནས་འགྲོ་རྒྱུ་མིན་པའི་སྐོར་ནན་བརྗོད་གནང་འདུག དེ་ཡང་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཁ་ས་གསར་འགོད་ལྷན་ཚོགས་ཐོག་གསུང་པར་གཞིགས་ན་རྒྱལ་ཁབ་ག་འདྲ་ཞིག་ནང་གཞུང་སྲིད་འཕོ་འགྱུར་བྱུང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟུང་ཕྱོགས་ལ་འགྱུར་བ་འགྲོ་ངེས་ཡིན་པ་དང་ལྷག་པར་དུ་ཉི་ཧོང་ལྟ་བུའི་རྒྱལ་ཁབ་ནང་ལོ་ངོ་ལྔ་བཅུ་ཙམ་རྗེས་གཞུང་འཛིན་ཆབ་སྲིད་ཚོགས་པ་འཕོ་འགྱུར་ཕྱིན་པ་དེ་ཧ་ཅང་གི་འགྱུར་ལྡོག་ཆེན་པོ་ཞིག་རེད། ཡིན་ན་ཡང་ཉི་ཧོང་གི་གཞུང་སྲིད་འཕོ་འགྱུར་སོང་མིན་ལ་མ་ལྟོས་པར་ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་དེ་ལོ་རྒྱུས་ཐོག་ནས་རྨང་གཞི་བརྟན་པོ་ཡིན་པར་སོང་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུ་ཡིན་ལ་ཨ་རི་གཞུང་ནས་ད་ལྟ་ནས་ཉི་ཧོང་གི་གཞུང་གསར་པ་དང་འབྲེལ་ལམ་མདུན་བསྐྱོད་ཆེད་འབྲེལ་གཏུགས་གནང་མུས་ཡིན་སྐོར་འགྲེལ་བརྗོད་གནང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།