མཁས་པའི་བགྲོ་གླེང་།


2013.09.26
རྩོམ་སྒྲིག་ཚོགས་ཆུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཕོ་བྲང་དུ་འཛམ་གླིང་གི་ནང་པའི་མཁས་པ་༢༥ལྷག་མཉམ་ཞུགས་གནང་བའི་བགྲོ་གླེང་ལྷན་ཚོགས་ཤིག་ཕྱི་ཚེས་༢༣ནས་༢༥བར་ཉིན་གྲངས་གསུམ་རིང་གནང་འདུག དཔེ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་གསུང་ན། དཔེ་དེབ་འདི་ནི་ལོ་ངོ་གསུམ་རིང་གདན་ས་ཆེན་པོ་ཁག་གི་དགེ་བཤེས་བདུན་ཅུ་ལྷག་གིས་དཔྱད་ཞིབ་གནང་སྟེ་ཕྱོགས་སྒྲིག་ཞུས་རྗེས་ མཁས་དབང་དྲུག་ལས་གྲུབ་པའི་ལག་བསྟར་རྩོམ་སྒྲིག་ཚོགས་པས་རྩོམ་སྒྲིག་གནང་བའི་དཔེ་དེབ་པོད་གཉིས་ཡོད་སྐོར་གསུངས་འདུག    པོད་དང་པོ་ནི་ཤེས་བྱ་ཡུལ་གྱི་སྐོར་དང་།    པོད་གཉིས་པ་ཡུལ་ཅན་ཤེས་པ་བཅས་ཀྱི་སྐོར་ཡིན་པ་རེད།   དཔེ་དེབ་འདི་ནི་ཆོས་ལུགས་ཤིག་ལ་དད་པ་ཡོད་མེད་ཀྱི་གནད་དོན་ཞིག་མིན་པར་ ལོ་ངོ་སྟོང་ཕྲག་གི་རིང་ལ་རྩོད་སྒྲུབ་ཀྱི་རྣམ་དཔྱོད་ལས་གྲུབ་པའི་ནང་སེམས་ཁམས་ཀྱི་མཚན་ཉིད་རིག་པའི་དཔེ་དེབ་ཞིག་ཡིན་པ་དང༌། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་འཁོད་པའི་ནང་སེམས་ཁམས་མཚན་ཉིད་རིགས་པའི་སྐོར་གྱི་དཔེ་དེབ་དེ་འཛམ་གླིང་གི་སྐད་རིགས་མི་འདྲ་བ་ཉི་ཤུ་ལྷག་ནང་བསྒྱུར་ནས་མིའི་རིགས་ཀྱི་སེམས་ཁམས་མཚན་ཉིད་རིག་པའི་སྟོང་ཆ་ཞིག་སྐོང་ཐུབ་པའི་རེ་བ་དང་ཡིད་ཆེས་གནང་གི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎