འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་བགྲོ་གླེང་འཚོགས་འདུག

2017-09-28
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་ས་ལར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་བགྲོ་གླེང་། ༢༠༡༧།༩།༢༨
བཞུགས་སྒར་རྡ་རམ་ས་ལར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་བགྲོ་གླེང་། ༢༠༡༧།༩།༢༨
ཨྱོན་བསྟན་འཛིན།/RFA

བཞུགས་སྒར་རྡ་རམ་ས་ལར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དབུ་ཚུགས་འདུག
དེ་ཡང་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དབུ་ཚུགས་ཡོད་པ་དང་། བགྲོ་གླེང་གནང་མཁན་མང་ཆེ་བ་བུད་མེད་ཡིན་འདུག
བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ཕྱི་ཚེས་༢༨་ནས་༣༠་བར་རྡ་རམ་ས་ལའི་ཉེ་འདབས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་དེ་ཚོཊ་བཞིན་ཡོད་ཅིང་། ཚོཊ་འདུ་དེའི་ཐོག་ཚན་རིག་པ་དང་ནང་བའི་མཁས་བའི་བར་སྙིང་རྗེ་དང་དགེ་བ། གཤིས་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གི་ཡོད་འདུག
ཚོཊ་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་གསུང་བཤད་གནང་དོན། ང་རང་ནང་བའི་མཁས་པ་དང་ཚན་རིག་པ་གང་ཡང་མིན་རུང་། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་ཐོག་ནས་བཤད་ན། ནང་བའི་རྒྱལ་ཁབ་ཅིག་དང་ནང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཙམ་གྱིས་ནང་པ་ཚད་ལྡན་ཞིག་ཆགས་ཐུབ་ཀྱི་མེད། དེ་བས་སངས་རྒྱས་བཅོམ་ལྡན་གྱི་གསུང་འབུམ་དག་ལ་སློབ་གཉེར་ལེགས་པོ་བྱས་ཏེ་ནང་བ་ཚད་ལྡན་ཞིག་བྱ་རྒྱུ་གལ་ཆེན་ཡིན་སོཊ་གསུང་ཡོད་པ་རེད།
ཚོཊ་འདུ་གོ་སྒྲིག་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོཊ་འདུ་དེའི་དམིཊ་ཡུལ་སྐོར་གསུང་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་དགོན་སྡེ་ཁག་ལ་ཚན་རིག་བསླབ་རྒྱུའི་ལས་རིམ་མང་པོ་ཞིག་ཡོད་ཅིང་། དེའི་ཆ་ཤས་སུ་ནུབ་ཕྱོཊ་པའི་མཁས་པ་དང་ནང་བའི་མཁས་པའི་བར་བརྗོད་གཞི་སྣ་ཚོཊ་ཐོག་བགྲོ་གླེང་བྱས་ཚེ་ནང་ཆོས་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་དག་གསལ་བོར་ཆགས་རྒྱུ་སོཊ་མི་མང་པོ་ཞིག་ལ་གོ་རྟོགས་སྤེལ་ཐུབ་རྒྱུ་ཡིན་སྐོར་གསུང་ཡོད་པ་མ་ཟད། ད་ཐེངས་ཀྱི་ཚོཊ་འདུ་དེ་སྔོན་མ་དང་མི་འདྲ་བར་བགྲོ་གླེང་གནང་མཁན་དང་གཏམ་བཤད་གནང་མཁན་དག་བུད་མེད་ཡིན་སྐོར་ངོ་སྤྲོད་གནང་འདུག
ཚོཊ་འདུ་དེའི་ཐོག་བགྲོ་གླེང་དང་གཏམ་བཤད་གནང་མཁན་ཨ་རི་དང་རྒྱ་གར་གྱི་ཚན་རིག་མཁས་པ་དག་དང་བོད་པའི་དགེ་བཤེས་མ་འདུས་པའི་བཙུན་མ་༣༠་ཙམ་དང་།  གཞན་སློབ་མ་སོཊ་མི་གྲངས་སུམ་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།