གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་གྱི་གྲོས་ཆོད།


2015.12.14

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོཊ་ཆེན་གྱི་གྲོས་ཆོད་ལ་དགའ་བསུ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞི་ཕྱིར་འཐེན་བྱས་བར་སྐྱོན་བརྗོད།
དེ་ཡང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་པེ་རི་སེ་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་གྱི་གྲོས་མཐུན་ལ་དགའ་བསུ་དང་སྦྲགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འགན་ཁུར་དགོས་པའི་བརྗོད་གཞི་ཕྱིར་འཐེན་བྱས་པ་དེར་སྐྱོན་འཛུགས་བྱས་ཡོད་པ་རེད།
བོད་དོན་དོན་གཉེར་བའི་སྒྲིག་འཛུགས་སྣ་ཚོགས་དང་། བོད་མི་སྒྲིག་འཛུགས་བཅས་ཀྱིས་ཧྥ་རན་སིའི་རྒྱལ་སར་བདུན་ཕྲག་གཉིས་རིང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྐབས། མཐོ་སྒང་བོད་ཀྱི་ཁོར་ཡུག་ཛ་དྲག་ཆགས་ཡོད་པའི་སྐོར་གླེང་སློང་གནང་ཡོད་རེད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་གྱི་སྐུ་ཚབ་མནྜི་ མེཀྑིའོན་(Mandie McKeown) གྱིས་ང་ཚོས་པེ་རི་སེ་ནང་དུས་ཚོད་བཏང་བའི་རིང་བཟང་ཕྱོགས་ཀྱི་དཔེ་མང་པོ་ལེན་ཡོད་ལ་ བོད་ཀྱི་ཁོར་ཡུག་གི་གནད་འགག་སྐོར་གནད་ཡོད་དཔོན་རིགས་མང་པོར་ཞུ་གཏུག་དང་། བློ་མཐུན་མི་སྣ་དང་ཚོགས་པ་ཁག་དང་འབྲེལ་ལམ་བཟོས་ཡོད་ཅེས་གསུངས་གནང་འདུག
ཚོགས་ཆེན་གྱིས་འཛམ་གླིང་གི་ཚ་ཚད་སེལ་སི་ཡ་སེ་(Celcious)གཅིག་དང་ཕྱེད་ཀ་ཙམ་དམའ་རུ་གཏོང་རྒྱུར་གྲོས་མཐུན་བྱུང་བ་ཐོག་མ་དེ་ཡིན་ཡང་བོད་ནང་ཚ་ཚད་འཛམ་གླིང་ས་ཆ་གཞན་ལས་ཉིས་ལྡབ་འཕར་གྱི་ཡོད་སྐབས་ཚད་གཞི་དེ་དག་སྤྱི་མཚུངས་བོད་ནང་དུའང་ལག་བསྟར་ཡོང་རྒྱུར་འབྲེལ་ཡོད་ཚང་མས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་གནང་འདུག
རྩེ་མོ་གསུམ་པ་ཞེས་པའི་ལས་འགུལ་གྱིས་གྲོས་མཐུན་དོན་ཚན་གཉིས་པའི་ནང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བརྗོད་ཚིག་སྐྱོ་རུ་བཏང་བ་དེར་བློ་ཕམ་བཏོན་ཡོད་འདུག ལས་འགུལ་དེའི་བོད་དོན་དོན་གཉེར་བ་བློ་བཟང་གཡངས་མཚོ་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་རྒྱབ་གཉེར་འབྲེལ་ཡོད་ཡིག་ཆའི་ནང་གདོད་མའི་མི་རིགས་དང་དེ་དག་གི་ཤེས་ཡོན་ངོས་འཛིན་གྱིས་སྲུང་སྐྱོབ་དགོས་སྐོར་འཁོད་པར་བསྔཌ་བརྗོད་དང་སྦྲཌ མཐོ་སྒང་བོད་ནང་རྒྱ་ནག་གཞུང་གིས་འབྲོག་པ་རྣམས་རྒྱང་ཕུད་ཀྱི་སྲིད་བྱུས་ལ་གདོང་ལེན་དགོས་པ་དང་། དེའི་ཐད་ཡུ་རོབ་མཉམ་སྦྲེལ་ནས་བློ་འཚབ་གནང་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ནས་ཀྱང་རྒྱབ་གཉེར་གནང་ཡོད་སྐོར་ལུང་འདྲེན་གནང་འདུག
འདས་བའི་བདུན་ཕྲག་གཉིས་རིང་འཛམ་གླིང་གི་རྒྱལ་ཁབ་༡༩༥ཡི་སྐུ་ཚབ་རྣམ་པས། གོ་ལའི་ཚ་དྲོད་དང་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཏེ། ཟླ་འདིའི་ཚེས་༡༣ ཉིན་ཚོགས་ཞུགས་པ་ཡོངས་ཀྱིས། སྤྱི་ལོ་༢༠༢༠ནས་དུག་རླུང་ཕྱིར་ཐོན་གྱི་ཚད་གཞི་ཆུང་དུ་གཏོང་འགོ་ཚུགས་ཏེ། གོ་ལའི་ཚ་དྲོད་སེལ་ཤི་ཡཱསི་༢(Celsius)ཡི་འོག་ལ་གནས་རྒྱུར་འབད་བརྩོན་བྱ་རྒྱུ་དང། དེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་རྡོ་སོལ་སོགས་གོ་ལའི་ཚ་དྲོད་ཆེ་རུ་གཏོང་བའི་ལས་རིགས་ཉུང་དུ་བཏང་ནས། ལས་རིགས་གཞན་ལ་འཇུག་ཆེད་སྟོབས་ཆེན་རྒྱལ་ཁབ་ཚོས་ལོ་རེར་ཨ་སྒོར་ཐེར་འབུམ་༡༠༠རེའི་དཔལ་འབྱོར་མཐུན་འགྱུར་སྦྱར་རྒྱུ། ལོ་ལྔ་རིའི་མཚམས་སུ་ཡར་རྒྱས་ལ་དཔྱད་ཞིབ་བྱ་རྒྱུ་སོགས་ཀྱི་མོས་མཐུན་གྲོས་ཆོད་བཞག་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎