བོད་མི་ཞི་རྒོལ་བའི་ཐོག་ལ་འགོག་གནོན་བྱས་པའི་གནས་ཚུལ་ཞིབ་འཇུག་བྱེད་རྒྱུ།


2018.06.14
ཌེན་མརྐ་ཡུལ་གྱི་ཉེན་རྟོག་པ་དང་བོད་ཀྱི་རྒྱལ་འཁྱེར་བའི་བོད་དོན་རྒྱབ་སྐྱོར་བ། ༢༠༡༥ ཌེན་མརྐ་ཡུལ་གྱི་ཉེན་རྟོག་པ་དང་བོད་ཀྱི་རྒྱལ་འཁྱེར་བའི་བོད་དོན་རྒྱབ་སྐྱོར་བ། ༢༠༡༥
དྲ་བཤུས། /Jens Conrad-Petersen © DR

ཌེན་མརྐ་གཞུང་གིས་བོད་མི་ཞི་རྒོལ་བའི་ཐོག་ལ་འགོག་གནོན་བྱས་པའི་ཐད་ཀྱི་ཞིབ་འཇུག་དེ་རྒྱ་ཆེ་རུ་གཏོང་གི་ཡིན་གསུངས་འདུག
དེ་ཡང་ཌེན་མརྐ་གཞུང་འབྲེལ་མཐོ་གྲས་དཔོན་རིགས་ཀྱིས་བོད་མི་ཞི་རྒོལ་བའི་རང་དབང་སྲུང་སྐྱོབ་དང་འབྲེལ་བའི་གྱོད་གཞིའི་གནད་དོན་དེ་བཞིན་རྒྱ་ཁྱབ་ཆེ་རུ་བཏང་ནས་རྒྱ་ནག་འགོ་ཁྲིད་ཌེན་མརྐ་ཁུལ་དུ་ ༢༠༡༢ ལོ་གཅིག་པོ་མིན་པར་ ༡༩༩༥ ནས་ད་བར་འདས་ལོ་ ༢༣ རིང་ལ་རྒྱ་གཞུང་འགོ་ཁྲིད་རྒྱལ་དོན་བལྟ་སྐོར་ལ་ཕེབས་པའི་སྐབས། བོད་མི་ཞི་རྒོལ་བར་ས་གནས་སྐོར་སྲུང་བས་ལྟ་སྤྱོད་འཛིན་སྟངས་ཐད་གྲོས་ཚོགས་ཀྱི་ཆེད་བཙུགས་བྱས་པའི་ཚོགས་ཆུང་ནས་ཞིབ་དཔྱོད་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཕྱི་ལོ་ ༢༠༡༢༢ ལོར་རྒྱ་ནག་སྲིད་འཛིན་ཧུ་ཅིན་ཐའོ་ཌེན་མརྐ་གི་རྒྱལ་ས་ཀོ་པེན་ཧེ་གྷན་ནང་རྒྱལ་དོན་ལྟ་སྐོར་ལ་ཕེབས་སྐབས། ངོ་རྒོལ་བ་འགས་བོད་ཀྱི་རྒྱལ་དར་ཕྱར་ནས་རྔམ་སྟོན་གནང་སྐབས་སྤྱི་སྤྱོད་རླངས་འཁོར་ཆེད་མངགས་མདུན་དུ་བཞག་ནས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་མཁན་དེ་དག་མི་མངོན་པ་བཟོས་པ་དང་། ཡང་ངོ་རྒོལ་བ་འགའ་ཤས་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པ་རེད། གནད་དོན་དེ་ཁྲིམས་ཁང་ནང་ཞུ་གཏུགས་བྱས་ཤིང་། གནད་དོན་ཞིབ་འཇུག་བྱས་རྗེས་ཌེན་མརྐ་གྱི་སྐོར་སྲུང་བའི་འགོ་ཁྲིད་ཚོས་ངོ་རྒོལ་བ་ཚོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྡོག་རོལ་བཏང་བ་གསལ་བཏོན་བྱས་ཤིང་། ཉེན་རྟོག་པ་འགོ་ཁྲིད་གཉིས་ལས་གནས་གཞན་དུ་གནས་སྤོ་བྱས་པར་མ་ཟད། ངོ་རྒོལ་བ་མི་གྲངས་བརྒྱད་ལ་ཌེན་མརྐ་གྱི་ཤོག་ལོར་གཉིས་ཁྲི་རེའི་གུན་གསབ་སྤྲོད་དགོས་ཆགས་པའི་གནས་ཚུལ་བྱུང་ཡོད་པ་རེད།   
འོན་ཀྱང་གྱོད་གཏུགས་མུ་མཐུད་དུ་བྱུང་བར་བརྟེན་གྲོས་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་ནས་ཞིབ་འཇུག་གི་ལས་དོན་རྒྱ་ཆེ་རུ་གཏོང་རྒྱུ་ཐག་གཅོད་བྱས་ཤིང་། ཕྱི་ཟླ་ ༦ ཚེས་ ༡༤ ཉིན་ཌེན་མརྐ་གྱི་སྲིད་བློན་(Lars  Loekke Rasmussen)་མཆོག་གིས་གནས་ཚུལ་གསར་པ་འགའ་ཤས་ཞིབ་འཇུག་གི་ལམ་ནས་ཐོན་ཡོད་པ་དེ་དག་ནི་གནས་ཚུལ་བཟང་པོ་མིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ཡང་ཁྲིམས་དོན་བློན་ཆེན་ (Soren Pape Poulsen)་མཆོག་གིས་རེས་གཟའ་ཕུར་བུའི་ཉིན་གསུངས་པའི་བཀའ་མོལ་ཞིག་རོའེ་ཊར་གསར་སྤེལ་ཁང་གིས་ལུང་འདྲེན་གནང་བའི་ནང་། ང་ཚོའི་སྐོར་སྲུང་བ་ཚོར་མང་ཚོགས་ཀྱི་ཡིད་ཆེས་ཀྱི་ཐོག་ནས་ལྟ་ཕྱོགས་སླར་གསོ་མ་བྱུང་བར་དུ་ང་ཚོས་ལས་དོན་འདི་མཚམས་འཇོག་ཐུབ་རྒྱུ་མིན་པ་གསུངས་འདུག
༢༠༡༢ ལོར་རྒྱ་ནག་འགོ་ཁྲིད་ལ་བོད་དོན་ལས་འགུལ་བས་ངོ་རྒོལ་བྱས་སྐབས་འགོག་གནོན་བྱས་པ་དེ་ནི་གསར་འགྱུར་བརྒྱུད་ལམ་ཁག་དང་མང་ཚོགས། ཆབ་སྲིད་མི་སྣ་ཚོས་དོ་སྣང་བྱེད་གཞིར་གྱུར་ཡང་། ས་གནས་སྐོར་སྲུང་བས་འདི་ནི་ ༢༠༡༢ ལོ་གཅིག་པོ་མིན་པར་རྒྱུན་ལྡན་གྱི་བྱ་སྤྱོད་ཡིན་པ་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་བྱས་ཡོད་པ་རེད།
གཞི་རྩའི་རྒྱ་ནག་གཞུང་གི་མཐོ་གྲས་སྲིད་འཛིན་རིམ་པ་དང་དེ་མིན་གྱི་འགོ་ཁྲིད་ཇི་འདྲ་ཞིག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་། བོད་མི་དང་བོད་དོན་ལས་འགུལ་བ་ཚོས་འཚེ་མེད་ཞི་བའི་སྒོ་ནས་རྔམ་སྟོན་སྐད་འབོད་ཀྱི་བརྗོད་ཚིག་འཁོད་པའི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་བ་སོགས་གནང་སྲོལ་ཡོད་པ་རེད།།

གསར་འགོད་པ་བཀྲིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎