ཏོག་དབྱིབས་ནད་འབུ་དེ་རྒྱལ་ཁབ་བཅུ་གྲངས་ཙམ་དང་གླིང་ཕྲན་བཞིའི་ནང་ཁྱབ་གདལ་དུ་ཕྱིན་འདུག

2020-01-25
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་སྨན་ཁང་གི་མྱུར་སྐྱོབ་ཚན་པའི་མདུན། ༢༠༢༠།༡།༢༢
རྒྱ་ནག་ཝུའུ་ཧན་(Wuhan)་གྲོང་ཁྱེར་སྨན་ཁང་གི་མྱུར་སྐྱོབ་ཚན་པའི་མདུན། ༢༠༢༠།༡།༢༢
AP

རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་བ་གཞིགས་ན་རྒྱ་ནག་གི་ལོ་གསར་ཉིན་སྲིད་འཛིན་ཞི་ཅིན་པིང་གིས་རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ལྷན་ཁང་གི་ཚོགས་མི་རྣམས་བསྐོང་ཚོགས་གནང་སྟེ་ Coronavirus ཞེས་པའི་ཏོག་དབྱིབས་ནད་ཡམས་དེ་མགྱོགས་ཚད་མྱུར་པོའི་ཐོག་ནས་ཁྱབ་གདལ་འགྲོ་བའི་གནས་སྟངས་ཚབས་ཆེན་ཞིག་ཆགས་ཡོད་པ་གསལ་བཏོན་དང་ཏོག་དབྱིབས་ནད་ཡམས་དེ་ཁྱབ་གདལ་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་དང་ནོར་འཁྲུལ་མེད་པ་དུས་ཐོག་གསལ་བསྒྲགས་བྱེད་དགོས་སྐོར་ཡང་བཤད་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་འབུ་དེ་རྒྱལ་ཁབ་བཅུ་གྲངས་ཙམ་དང་གླིང་ཕྲན་བཞིའི་ནང་ཁྱབ་གདལ་དུ་ཕྱིན་ཡོད་ཅིང་།     ཨ་རིའི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། Ling Wudongཞེས་པའི་ལོ་ན་༦༢ཙམ་སོན་པའི་རྒྱ་ནག་གི་གྲགས་ཅན་སྨན་པ་ཞིག་ཀྱང་ཝུའུ་ཧན་གྲོང་ཁྱེར་ནང་འགོས་ནད་དེ་ཕོག་ནས་འདས་གྲོངས་ཕྱིན་ཡོད་པ་བཀོད་འདུག

གཞན་ཡང་ཨ་རི་གཞུང་གིས་དམིགས་བསལ་གྱི་གནམ་གྲུ་གོ་སྒྲིག་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་དང་ཨ་རིའི་མི་སེར་ཚོར་ཕྱིར་ཨ་རིའི་ནང་ཉེན་གཡོལ་དུ་ཁྲིད་ཐབས་གནང་གི་ཡོད་པ་རེད།

འགོས་ནད་གསར་པ་དེ་བཞིན་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནང་བྱུང་ནས་ད་བར་རྒྱལ་སྤྱིའི་ནང་མི་གྲངས་ཆིག་སྟོང་གསུམ་བརྒྱ་ལྷག་ལ་བགོས་ཁྱབ་བྱུང་ཡོད་པ་དང་། ནད་པ་ཕལ་ཆེ་བ་ནི་རྒྱ་ནག་ནང་ནས་ཡིན་པ་རེད།  དེའི་ནང་ནས་ད་བར་རྒྱ་ནག་ནང་མི་གྲངས་༤༡ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་མ་ཟད། ནད་ཡམས་དེས་རྐྱེན་ཕྱི་ཚེས་༢༥ཉིན་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་གྱི་སྨན་ཁང་གི་སྨན་པ་ཞིག་རྐྱེན་འདས་ཕྱིན་ཡོད་པ་རེད།

བལ་ཡུལ་གྱི་kathmandu post ཞེས་པའི་གསར་ཤོག་ཐོག་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཧྲང་ཧད་ནས་ཕྱི་ཚེས་༡༩ཉིན་བལ་ཡུལ་དུ་ཕྱིར་ལོག་ཡོང་བའི་བུད་མེད་གཅིག་དང་ཁྱོ་ག་གཅིག་ད་ལྟ་བལ་ཡུལ་གྱི་Teku སྨན་ཁང་དུ་ཟུར་ཉར་བྱེད་བཞིན་ཡོད་པ་བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ལྷན་ཁང་གི་མགྲིན་ཚབ་པ་Mahendra Shrestha ལགས་ཀྱི་བརྗོད་འདུག

དེ་བཞིན་ཕྱི་ཚེས་༢༥ཉིན་BBC ཡིས་ངེས་བརྟན་ཡིན་ལུགས་ཀྱི་གནས་ཚུལ་སྤེལ་བའི་ནང་མཚོ་སྔོན་ཁུལ་དུ་འགོས་ནད་ཕོག་པའི་མི་གཅིག་ཡོད་པ་གྲངས་ཐོའི་ནང་བཀོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།