ཨ་རིའི་ཐོངས་མཆན་ཚོང་བསྒྱུར་བྱེད་མཁན་འཛིན་བཟུང་བྱས་སྐོར།

བལ་ཡུལ་རྒྱལ་སའི་ནང་ཨ་རིའི་ནང་འགྲོ་སྐྱོད་ཆོག་པའི་ཐོངས་མཆན་རྫུན་མ་ཚོང་བསྒྱུར་བྱེད་མཁན་བཟའ་མི་གཉིས་འཛིན་བཟུང་དོ་དམ་བྱས་འདུག
2008-06-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་རྒྱལ་སའི་ནང་ཨ་རིའི་ནང་འགྲོ་སྐྱོད་ཆོག་པའི་ལྦི་ཛ་སྟེ་ཐོངས་མཆན་རྫུན་མ་ཚོང་བསྒྱུར་བྱེད་མཁན་བལ་པོའི་མི་སེར་བཟའ་མི་གཉིས་བལ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་འདུག

བལ་ཡུལ་སཱན་ས་རི་རྫོང་ཁོངས་གནས་སྡོད་ཤང་ཀར་རྡ་ཧལ་དང་ཁོང་གི་བཟའ་ཟླ་ཕཱི་ལི་པིན་ནས་ཡིན་པ་ཀིརིསི་ཀྲི་ན་པ་ཀྲི་ནི་ཡོ་གཉིས་ཀྱིས་བལ་ཡུལ་རྒྱལ་སའི་ལ་ཛིམ་པཊེ་ཁུལ་དུ་ཤེས་རིག་ཐེབས་རྩ་ཁང་ཞེས་པའི་སློབ་སྟོན་ལས་ཁང་ཞིག་བཙུགས་ཡོད་པ་ནས་ཨ་རིར་འགྲོ་རྒྱུའི་ཐོངས་མཆན་རྫུན་མ་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད་ འོན་ཀྱང་བལ་ཡུལ་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ནས་སྔོན་བརྡ་སྤྲད་པ་ལྟར་ བལ་ཡུལ་ཉེན་རྟོག་པས་ནག་ཚོང་པ་བཟའ་མི་གཉིས་པོ་དེ་འཛིན་བཟུང་དོ་དམ་བྱས་པ་ཡིན་པ་རེད་ ཐོངས་མཆན་རྫུན་མ་ཚོང་མཁན་བཟའ་མི་གཉིས་པོའི་དེའི་ལས་ཁང་ནས་ཡིག་ཆ་རྫུན་བཟོ་བྱས་པ་ལག་སོན་བྱུང་ཡོད་ཅིང་ ཐོངས་མཆན་རྫུན་མ་དང་ ཆོད་གན་རྫུན་མ་ ཐོབ་འཛིན་རྫུན་སོགས་ཐོན་ཡོད་པ་རེད་

བལ་ཡུལ་ཉེན་རྟོག་པས་གསུངས་པར་གཞིགས་ན་ གོང་ཞུས་བཟའ་མི་གཉིས་ཀྱིས་ཨ་རིར་འགྲོ་རྒྱུའི་ཐོངས་མཆན་རྫུན་མ་རེར་བལ་ཡུལ་སྒོར་མོ་འབུམ་བདུན་རེ་རིན་པ་བླངས་ཡོད་པ་རེད་ ཡང་གོང་ཞུས་ཐོངས་མཆན་རྫུན་མ་ཚོང་མཁན་དང་ལག་སྦྲེལ་ཡོད་པ་ སྦི་ཀཤ་ཐ་པ་ དང་ བོ་ལ་རོཊེ་ བོ་ལ་རྡ་ཧལ་ བཅས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།