བྱང་ཨ་རིའི་བོད་མི་རྣམས་ནས་ཨ་སྒོར་༣༥༠༠༠ ལྷག་ཞལ་འདེབས།

2020-05-09
གློག་འཕྲིན།
མཆན།
Share
པར་བཀོད།
ནིའུ་ཡོག་གིི་བོད་མི་ཚོས་ཟས་རིགས་སྦྱིན་གཏོང་གི་ལས་འགུལ་སྤེལ་བཞིན་པ།
ནིའུ་ཡོག་གིི་བོད་མི་ཚོས་ཟས་རིགས་སྦྱིན་གཏོང་གི་ལས་འགུལ་སྤེལ་བཞིན་པ།
ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ།

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཨ་རིའི་མི་མང་འཕོན་ཆེ་ཞིག་ལ་དཀའ་ངལ་འཕྲད་བཞིན་པར་སོང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་ནས་ངལ་སེལ་ཆེད་ཞལ་འདེབས་བསྡུ་རུབ་གནང་ནས་ཨ་སྒོར་གསུམ་ཁྲི་ལྔ་སྟོང་བརྒྱ་དང་བཅུ་གཅིག་གི་ཅེག་འཛིན་ཞིག་ཏོག་དབྱིབས་ནད་ཡམས་ཛ་དྲག་རོགས་སྐྱོར་ལས་ཁང་Meals on Wheels ཞེས་པར་ཕྱི་ཚེས་༧ཉིན་ཕུལ་བཞག

དེ་ཡང་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཞལ་འདེབས་མཉམ་ཕྱག་བྲིས་ཤིག་ཕུལ་བའི་ནང་། ཨ་རིའི་གཞུང་གིས་ཕྱི་ལོ་༡༩༩༠ལོར་བོད་མི་ཁག་ཅིག་ཨ་རིའི་ནང་གཞིས་སྤོས་བྱ་ཆོག་པའི་དམིགས་བསལ་བཀའ་ཁྲོལ་གནང་བར་བརྟེན། ད་ཆ་ཨ་རིའི་ནང་བོད་མི་ཁྲི་གཉིས་ཙམ་སླེབས་ཐུབ་པ་བྱུང་ཡོད་པ་དང་། བོད་མི་རྣམས་ཨ་རིའི་ས་ཁུལ་མང་པོ་ཞིག་ནང་ཁ་ཐོར་དུ་གནས་ཀྱང་ ས་ཁུལ་སོ་སོར་སྤྱི་མཐུན་ཚོགས་པ་བཙུགས་ནས་རང་གི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཞེས་དང་། འདི་ལོ་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཨ་རིའི་མི་མང་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་པའི་སྐབས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་ཨ་རིའི་མི་མང་སྐྱོ་བ་དང་དཀའ་ངལ་འཕྲད་བཞིན་པ་རྣམས་ཀྱི་ཆེད་ཞལ་འདེབས་བསྡུ་རུབ་གནང་ནས་ཞལ་འདེབས་འབུལ་མཁན་རྣམས་ཀྱི་མིང་གཞུང་དང་བཅས་འདི་མཉམ་ཟུར་འབུལ་ཞུས་ཡོད་ཅེས་བཀོད་བཞག

དེ་བཞིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཞལ་འདེབས་ཆུང་ངུ་དེ་བཞིན་ཨ་རིའི་གཞུང་དང་མི་མང་ནས་བོད་མི་ཚོར་ད་བར་ཕན་སེམས་དང་བཀྲིན་ཆེན་པོ་གནང་བར་བཀྲིན་བསམ་ཤེས་མཚོན་ཆེད་ཡིན་ཞེས་གསུངས་བཞག                        ཡང་ཁེ་ཎ་ཌའི་Vancouver གྲོང་ཁྱེར་ནང་ཡོད་པའི་བོད་མིའི་རིག་གཞུང་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཀྱང་ཞལ་འདེབས་ཁེ་ཎ་ཌའི་སྒོར་མོ་༥༩༠༠ བསྡུ་རུབ་གནང་ནས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་ལ་ཕུལ་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།