རྒྱ་ནག་ནང་ཉིན་གཅིག་རིང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་ཉིས་ཁྲི་བརྒྱད་སྟོང་ལྷག་འཕར་འདུག

2022.11.22
Share on WhatsApp
Share on WhatsApp
རྒྱ་ནག་ནང་ཉིན་གཅིག་རིང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་ཉིས་ཁྲི་བརྒྱད་སྟོང་ལྷག་འཕར་འདུག པེ་ཅིང་དུ་ཁྱིམ་སྡོད་བཀག་རྒྱའི་འོག་ཡོད་པའི་སྡེ་ཁུལ། ༡༡།༢༢།༢༠༢༢
AP

དེ་ཡང་པེ་ཅིང་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ཚེས་༢༡རེས་གཟའ་ཟླ་བའི་ཉིན། རྒྱ་ནག་རྒྱལ་ཡོངས་སུ་ཉིན་གཅིག་རིང་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་མི་གྲངས་ཉིས་ཁྲི་བརྒྱད་སྟོང་བརྒྱ་དང་ཉི་ཤུ་རྩ་བདུན་ལྷག་འཕར་ཡོད་པ་དང་། དེ་ནི་ཕྱི་ཟླ་བཞི་པའི་རྗེས་སུ་ཉིན་གཅིག་རིང་ནད་པ་གསར་པ་ཐོན་པ་མང་ཤོས་དེ་ཆགས་ཀྱི་ཡོད་འདུག་ལ། དེའི་ནང་ནས་ནད་པ་ཕྱེད་ཀ་ཙམ་ནི་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀོང་ཀྲོའུ་(Guangzhou)་དང་ལྷོ་ནུབ་ཁྲོན་ཆིན་(Chongqing)་གྲོང་ཁྱེར་བཅས་ནས་ཡིན་འདུག
དེ་བཞིན་རྒྱལ་ས་པེ་ཅིང་ནང་ཉིན་ལྟར་ནད་པ་གསར་པ་ཐོན་པའི་གྲངས་འབོར་འཕར་བཞིན་སྟབས། པེ་ཅིང་ནང་གནས་སྡོད་བྱ་མཁན་རྣམས་རང་ཁྱིམ་དུ་སྡོད་དགོས་པ་དང་། གཞུང་ལས་ཁང་སོགས་མི་ཚོགས་ཆེ་བའི་ཁང་པའི་ནང་མ་འཛུལ་གོང་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་ཚོུད་༤༨གོང་བརྟག་དཔྱད་བྱས་པའི་ལག་འཁྱེར་དཔང་རྟགས་དུ་སྟོན་དགོས་ཀྱི་ཡོད་འདུག
ཚེས་༢༢ཉིན་དཔལ་འབྱོར་གྲོང་ཁྱེར་ཧྲང་ཧེ་ཡི་ནང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རེས་གཟའ་ཕུར་བུ་ནས་བཟུང་གྲོང་ཁྱེར་ནང་ཕྱི་ནས་ཡོང་མཁན་ཚོ་ཉིན་གྲངས་ལྔའི་རྗེས་སུ་མ་གཏོགས་ཟ་ཁང་དང་ཁྲོམ་ར་ཆེན་པོ་དེ་འདྲའི་ནང་འགྲོ་སྐྱོད་མི་ཆོག་པ་གསལ་བསྒྲགས་བྱས་འདུག དེ་སྔོན་ཧྲང་ཧེ་གྲོང་ཁྱེར་ནང་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་༤༨ཐོན་པའི་རྗེས། མི་གྲངས་ས་ཡ་༢༥ཙམ་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་ཀྱི་རྫོང་༡༦ནང་ནས་རྫོང་༧ནང་རིག་གཞུང་བསྟི་གནས་ཁང་དང་སྤྲོ་སྐྱིད་ཁང་རྣམས་སྒོ་རྒྱབ་ཡོད་པ་རེད།
རྒྱ་ནག་གི་སྲིད་བློན་གཞོན་པ་(Sun Chunlan)་ཡིས། རེས་གཟའ་ཟླ་བའི་ཉིན་(Chongqing)་གྲོང་ཁྱེར་ནང་སྐོར་བསྐྱོད་བྱས་ནས་ས་གནས་དཔོན་རིགས་ཚོས་གཞུང་གི་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་རྩ་མེད་གཏོང་བའི་སྲིད་ཇུས་ལག་བལྟར་དོ་ནན་བྱེད་དགོས་བ་བརྗོད་ཡོད་འདུག

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༡༡།༢༢ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༨༨ ༡༨༨༨༩

 ༢༠༢༢།༡༡།༢༡ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༨༧༡ ༡༧ ༡༥ ༡༨༨༨༨

གཞན་བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲགས་ནང་། འདི་ཚེས་༢༢ཉིན་གྱི་ཉིན་རྒྱབ་བར་བོད་རང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མཁན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༡ཐོན་ཡོད་པ་དང་། དེའི་སྔར་ཉིན་ཚེས་༢༡ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་ནད་རྟགས་ཡོད་པ་མི་གྲངས་༢དང་ནད་རྟགས་མ་མངོན་པ་༡༥བཅས་མང་དུ་ཕྱིན་པ་དང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་༧ཡོད་པ་བསྒྲགས་འདུག་པ་ལྟར། འདི་ཚེས་༢༢གྱི་ཉིན་རྒྱབ་བར་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ད་བར་ཁྱོན་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༡༨༨༨༩ཟིན་འདུག ཡིན་ན་ཡང་འབྲེལ་ཡོད་བོད་མི་ཞིག་གིས་རྒྱ་ནག་གཞུང་གིས་རིམས་ནད་ཀྱི་དངོས་ཡོད་གནས་ཚུལ་མི་བསྒྲགས་པ་དང་ནད་པའི་གྲངས་འབོར་ཏག་ཏག་རང་བཏོན་གྱི་མེད་པ་མ་ཟད། ཡུལ་མི་ཚོས་ས་གནས་ཀྱི་རིམས་ནད་གནས་སྟངས་བཤད་ཚེ་དཀྲོག་གཏམ་སྤེལ་ཚུལ་གྱིས་ཉེས་ཆད་གཏོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ད་སྐབས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ། བོད་མི་མང་པོ་གནས་ཡུལ་ཟི་ལིང་གྲོང་ཁྱེར་ནང་འདི་ཚེས་༢༡ཉིན་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༤༡༢གསར་དུ་འཕར་ཡོད་པ་དང་། རྨ་ལྷོ་ཁུལ་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༢༣གསར་དུ་འཕར་བ་དང་། ཚེས་༡༧ཉིན་རྩེ་ཁོག་རྫོང་དུ་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་༡༧གསར་དུ་འཕར་ནས་རེབ་གོང་གྲོང་ཁྱེར་གྱིས་ཁྱིམ་སྡོད་བཀག་རྒྱ་དང་མཉམ་ཁྱིམ་ནས་ལས་ཀ་བྱེད་པའི་བརྡ་ཁྱབ་བཏང་འདུག ཡིན་ན་ཡང་ཁྱིམ་སྡོད་བཀག་རྒྱ་དང་འབྲེལ་བའི་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་སྤེལ་མི་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎