ཌལ་ཧོར་གཏན་སློབ་ཏུ་གསུང་བཤད།


2013.04.29
ཌལ་ཧོར་གཏན་སློབ་ཏུ་གསུང་བཤད། ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོའི་སྐབས་སྲིད་སྐྱོང་མཆོག་གིས་དགེ་ལས་ཡོངས་ལ་གསུང་བཤད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བློ་བེ།

༄༅༎ཕྱི་ཟླ་ ༤ ཚེས་ ༢༨ རེས་གཟའ་ཉི་མའི་ཉིན། ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་མི་ལོ་༥༠་འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོའི་ཉིན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཌལ་ཧོར་གཏན་སློབ་ཀྱི་དགེ་ལས་རྣམས་དང་དམིགས་བསལ་རྒྱ་གར་སྐུ་མགྲོན་རྣམ་པར་གསུང་བཤད་གནང་བའི་ནང་། ཁོང་གིས་ལོ་ངོ་ལྔ་བཅུ་ནི་དུས་ཡུན་རིང་པོ་ཞིག་ཡིན་པ་དང་། དུས་ཡུན་དེ་རིང་རྒྱ་གར་གཞུང་མང་གཉིས་ཀྱིས་འབད་བརྩོན་ལྷོད་མེད་ཐོག་བོད་མིའི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་གནང་ཡོད། རོགས་རམ་དེ་དག་ལ་རྟེན་ནས་ད་ཆ་བཙན་བྱོལ་བོད་མིའི་གནས་སྟངས་འདི་ལྟ་བུ་ཞིག་ཆགས་ཐུབ་བྱུང་ཡོད་ལུགས་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ཉག་གཅིག་འོག་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་བོད་མིའི་སློབ་གྲྭ་འགའ་ཤས་གསར་བཙུགས་ཐུབ་པ་བྱུང་ཡོད། དེ་ནས་རིམ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་གི་ནང་སློབ་སྤྱི་དང་རེག་ཊར། དགེ་ཆེ། དེ་བཞིན་སློབ་དགེ་དང་ལས་བྱེད་སོགས་ཀྱིས་འབད་བརྩོན་བསྟུད་མར་གནང་སྟེ། ཤེས་ཡོན་ཙམ་མིན་པར་བོད་པའི་སློབ་ཕྲུག་ཚོར་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་སྤྲད་དེ་མི་ཚད་ལྡན་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་གནང་ཡོད་ཅེས་དང་།   ཌལ་ཧོར་གཏན་སློབ་ནས་ཐོན་པའི་སློབ་ཟུར་ཁྲོད་ཆ་བཞག་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཕྲ་ཆུང་གསུམ་ནང་ཞབས་ཕྱི་ཞུ་དང་ཞུ་མུས་ཡིན་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་བོད་མིའི་སྤྱི་ཚོགས་དང་ཆོས་དང་རིག་གཞུང་ལ་སྨན་པའི་ཞབས་ཕྱི་ཞུ་དང་ཞུ་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བསྩལ་བའི་ནང། དེང་དུས་ཀྱི་ཤེས་ཡོན་ཐོག་མིའི་བསམ་བློའི་རིན་ཐང་གོང་མཐོར་བཏང་སྟེ། མི་བཟང་པོ་ཞིག་བསྐྲུན་ཐབས་དགོས་རྒྱུ་དུས་ཀྱི་ཛ་དྲག་གི་དགོས་མཁོ་ཞིག་ཆགས་ཡོད་སྐོར་བཀའ་སློབ་མཛད་ཡོད། དེར་བརྟེན་བཀའ་ཤག་སྐབས་བཅུ་བཞི་པས་ཀྱང་༸གོང་ས་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས་འབད་བརྩོན་རྒྱུན་འཁྱོངས་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་སོགས་གསུངས་བཤད་གནང་ཡོད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎