འཐབ་རྩོད་ཀྱི་འཆར་སྣང་དང་མངོན་འདོད་དེར་འབྲས་བུ་ཐོན་ཀྱི་རེད། སྲིད་སྐྱོང་མཆོག་གིས།

2018-08-09
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་མཇལ་སྐབས། ༢༠༡༨།༨།༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་མཇལ་སྐབས། ༢༠༡༨།༨།༨
tibet.net

སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་དང་མི་མང་ནས་བོད་མི་རྣམས་ལ་མུ་མཐུད་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག
དེ་ཡང་ཕྱི་ཟླ་༨ཚེས་༨ཉིན་རྒྱ་གར་གྱི་(Nagpur)གྲོང་ཁྱེར་གྱི་(Bharat Tibbat Sahyog Manch)ཞེས་པས་གོ་བསྒྲིགས་ཞུས་པའི་མཛད་སྒོ་ཞིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ནས་ཚོགས་པ་དེའི་ཚོགས་མིས་ད་བར་བོད་ཀྱི་རྩ་དོན་ཆེད་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞེས་ཞུས་གནང་འདུག་ལ་དེ་བཞིན་རྒྱ་གར་གཞུང་དང་མི་མང་ནས་བོད་མི་རྣམས་ལ་མུ་མཐུད་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་། ཕྱི་ཚེས་༨ཉིན་མཛད་སྒོ་དེ་བཞིན་(Nagpur)གྲོང་ཁྱེར་ནང་ཡོད་པའི་(Rajkumar Kewalramani)ཞེས་པའི་སློབ་གྲའི་ནང་ཚོགས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ རྒྱ་གར་དང་བོད་གཉིས་ནི་དུས་རབས་མང་པོའི་སྔོན་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་། བོད་ཀྱི་ནང་ཆོས་ཡང་རྒྱ་གར་ནས་དར་བ་ཞིག་ཡིན་པ་དང་། དཔལ་ཎ་ལེན་ཌའི་ནང་པའི་སློབ་དཔོན་རྣམས་ཀྱི་གཙོས་པའི་རྒྱ་གར་གྱི་མཁས་དབང་རྣམས་ལ་གུས་བརྩི་དང་གཙིགས་ཐོངས་ཆེན་པོ་ཞུ་གི་ཡོད་ཅེས་གསུངས་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པ་ནི། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་སེམས་སྐུལ་དང་སྙིང་སྟོབས་སྤེལ་བའི་རྒྱུ་ཞིག་ཡིན་པ་དང་། བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་འབད་བརྩོན་གནང་བཞིན་པའི་འཆར་སྣང་དང་མངོན་འདོད་དེར་འབྲས་བུ་ཏན་ཏན་ཐོན་ཀྱི་རེད་ལ་བོད་ལ་རང་དབང་ཡོང་གི་རེད་ཅེས་བསྐྱར་བཤད་ནན་པོ་གནང་ཡོད་པ་སོགས་འཁོད་འདུག
ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་མགྲོན་འབོད་ཞུས་པ་བཞིན་གྲོང་ཁྱེར་དེའི་ནང་ཡོད་པའི་(Little Scholar School)ཞེས་པའི་སློབ་གྲར་ཕེབས་ནས་སློབ་ཕྲུག་དང་དགེ་ལས་རྣམས་དང་ཐུག་འཕྲད་གནང་འདུག སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་བའི་ནང་། སློབ་སྦྱོང་ལ་འབད་བརྩོན་དང་། རང་ཉིད་སོ་སོར་ཡིད་ཆེས་བྱས་ནས་དཀའ་ངལ་གདོང་ལེན་བྱེད་དགོས་པ་སོགས་ཀྱི་གཏམ་བཤད་གནང་འདུག
ཕྱི་ཚེས་༩ཉིན་སྲིད་སྐྱོང་མཆོག་གིས་(Banglore)གྲོང་ཁྱེར་ནང་ཡོད་པའི་(CMR University) ཞེས་པའི་གཙུག་ལག་སློབ་གྲ་ཆེན་མོའི་ནང་གཏམ་བཤད་གནང་རྒྱུའི་མཛད་འཆར་འདུག་ལ་ཕྱི་ཟླ་༨ཚེས་༡༠ཉིན་(Karnataka)མངའ་སྡེ་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཐོག་མཉམ་བཞུགས་གནང་རྒྱུའི་མཛད་འཆར་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།