རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲའི་དཔེ་དེབ།


2018.06.15
༼རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ། ༽ ཞེས་པའི་དཔེ་དེབ། ༼རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ། ༽ ཞེས་པའི་དཔེ་དེབ།་༢༠༡༨།༦
chithu.org

རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ་ཞེས་པའི་དཔེ་དེབ་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འགྲེམས་སྤེལ་བྱས་འདུག
དེ་ཡང་ཟླ་ ༦ ཚེས་ ༡༤ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ཐོག༼རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ། ༽ ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་འགྲེམས་སྤེལ་ཞུས་ཡོད་པའི་ནང་།  
༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ བར་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་བོད་མི་གྲངས་༡༥༢ བྱུང་བ་རྣམས་ཀྱི་མཚན་དང་ལོ་དུས་དང་། ཁོང་རྣམས་ཀྱིས་བཞག་པའི་ཞལ་ཆེམས་ཕྱོགས་བསྡུས། རྒྱ་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དང་དེའི་རྗེས་འབྲས་བོད་ཀྱི་རིག་གཞུང་རྩ་གཏོར། བོད་ཀྱི་ཁོར་ཡུག་གཏོར་བཅོམ། དྲག་གནོན་འོག་གི་ཞི་རྒོལ། རྒྱ་དམག་གིས་བོད་མིར་དྲག་གནོན། རྒྱ་གཞུང་གིས་བོད་ཐོག་དམག་གྲབས་བཅས་འཁོད་པ་རེད།
དཔེ་དེབ་དེའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་།  བོད་རྒྱལ་ཁབ་དང་མི་རིགས། རིག་གཞུང་གི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་གཙོ་བོར་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ནི། བོད་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད་པར་བརྟེན། གུས་བརྩི་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རིམ་པའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་རིམ་པར་བཞག་ནས་རྗེས་དྲན་ཞུས་ཡོད་ལ། དེ་བཞིན་ང་ཚོས་རྒྱལ་གཅེས་པ་ཚོའི་མགྲིན་ཚབ་བྱས་ཏེ་རྒྱལ་སྤྱིའི་ཐོག་ཁོང་རྣམ་པའི་ལོ་རྒྱུས་བརྒྱུད་བསྒྲགས་བྱ་རྒྱུ་ནི་ལྡོག་ཐབས་མེད་པའི་འོས་འགན་ཞིག་ཡིན་ཞེས་བཀོད་འདུག།

གསར་འགོད་པ་སྐལ་བཟང་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎