གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ཧིན་སྒོར་འབུམ་ལྔ་བརྒྱ་བུན་གཡར་གནང་རྒྱུ།


2020.08.18
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ཧིན་སྒོར་འབུམ་ལྔ་བརྒྱ་བུན་གཡར་གནང་རྒྱུའི་གསལ་བསྒྲགས་སྐབས། ༢༠༢༠།༨།༡༨ གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ཧིན་སྒོར་འབུམ་ལྔ་བརྒྱ་བུན་གཡར་གནང་རྒྱུའི་གསལ་བསྒྲགས་སྐབས། ༢༠༢༠།༨།༡༨
RFA/Dhasa

བོད་མིའི་སྒྲིག་འཛུགས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་བཙན་བྱོལ་བོད་མི་ཚོང་ལས་འབྲིང་ཙམ་གཉེར་མཁན་ཚོར་ཧིན་སྒོར་འབུམ་བཅུ་ནས་ཉི་ཤུ་བར་བུན་གཡར་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ནས། སྤྱི་ཟླ་༨་པའི་ཚེས་༡༨་ཉིན་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། གསར་འགོད་གསལ་བསྒྲགས་སྤེལ་བའི་ཐོག་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས། བོད་མི་ཚོང་ལས་འབྲིང་ཙམ་གཉེར་མཁན་ཚོར། ཧིན་སྒོར་འབུམ་བཅུ་ནས་ཉི་ཤུ་བར་བུན་གཡར་གནང་རྒྱུ་དང་། ཧིན་སྒོར་འབུམ་བཅུ་ལ་སྐྱེད་ཀ་བརྒྱ་ཆ་༡༠་དང་། འབུམ་བཅུ་ནས་ཉི་ཤུ་བར་ལ་སྐྱེད་ཀ་བརྒྱ་ཆ་༡༢་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཁོང་གིས་བཙན་བྱོལ་བོད་མི་རྣམས་ད་ཆ་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་དུ་ཡོད་པ་གྲངས་ཀ་འདྲ་མཉམ་ཆགས་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་གནས་ཐུབ་པར་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་བཅས་སུ་བཙན་བྱོལ་བོད་མི་གནས་དགོས་ཀྱི་ཡོད་སྟབས། གོ་སྐབས་ཤིག་བསྐྲུན་ཏེ་ཁ་ཤས་རྒྱ་གར་ལ་འཚོ་བ་སྐྱེལ་བའི་ཐབས་ལམ་ཡོད་ན། ཕྱི་རྒྱལ་དུ་འགྲོ་གི་མིན་ཟེར་མཁན་ཡོད་པ་ཚོར་ང་ཚོས་མཐུན་རྐྱེན་སྦྱར་ཐུབ་ཀྱི་རེད་ཅེས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཁྲིམས་མཐུན་གྱིས་བཙུགས་པ་དང་། ཞབས་ཞུ་ཁང་འདི་རྒྱ་གར་ནང་ཁྲིམས་མཐུན་དེབ་སྐྱེལ་གྱིས་དངུལ་ཁང་ནང་བཞིན་ལས་ཀ་བྱེད་བཞིན་ཡོད་ཅིང་། དངུལ་ཁང་གི་ངོ་བོ་ཡོངས་སུ་ཆགས་པར་ཚོང་རྒྱག་རྒྱུའི་བུན་གཡར་ལས་གཞི་སྤེལ་དགོས་པ་དང་། ལམ་སྟོན་གྱི་ནང་བརྒྱ་ཆ་སུམ་ཅུ་སྤྱི་ཚོགས་ཞབས་ཞུ་དང་། བརྒྱ་ཆ་བདུན་ཅུ་ཚོང་གི་ལམ་ཁ་ལ་འགྲོ་དགོས་ཀྱི་ཡོད་པ། ད་ལན་ཧིན་སྒོར་འབུམ་ལྔ་བརྒྱ་བཀྲམས་རྒྱུའི་དམིགས་ཚད་བཟུང་ཡོད་པས། ཚོང་ཆུང་ངུ་གཉེར་མཁན་ཚོར་ཧ་ལམ་ལས་གཞི་སྤེལ་ཚར་ཡོད་པ་དང་། ཚོང་འབྲིང་ཙམ་གཉེར་བརྒྱབ་མཁན་ཚོར་བུན་གཡར་ལས་གཞི་འདི་སྤེལ་རྒྱུ་ཡིན་པ་དང་། གལ་ཏེ་དངུལ་དང་སྐྱེད་ཀ་དུས་ཐོག་ཕྱིར་ལོག་མ་བྱས་པ་ཡིན་ན། སྒོར་མོ་ཕྱིར་ལོག་མ་བྱས་པའི་ཆེད་ལས་ཚོགས་པ་དང་ཉེན་རྟོག་པ་སོགས་ཀྱིས་བརྡ་འདེད་གཏོང་གི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ད་དུང་ཁོང་ཚོས་འགན་ཁུར་གྱི་ཡོད་ལ་ཉེན་ཁ་ཞིག་ཀྱང་ཡོད་པ་རེད། དངུལ་འཕོན་ཆེན་པོ་བརླག་སོང་ན་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད་ནའང་། ང་ཚོས་རྒྱ་གར་གྱི་དངུལ་ཁང་གི་ཁྲིམས་སྒྲིག་ཆ་ཚང་ལག་བསྟར་བྱས་ཀྱི་ཡོད་པ་དང་། ང་ཚོ་རྒྱ་གར་དངུལ་ཁང་(reserve bank)་སོགས་ཚོགས་པ་ཁག་ཅིག་གི་ཚོགས་མི་ཡིན་པས། རྒྱ་གར་དངུལ་ཁང་གི་བུ་ལོན་བརྡ་འདེད་གཏོང་བ་དང་གཅིག་མཚུངས་ཡོང་གི་ཡིན་པ་གསལ་འདེབས་གནང་གི་འདུག
གཞན་ཡང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས། ད་ལན་གྱི་བུ་ལོན་འདི་ནི་དེ་སྔའི་འཚོ་རྟེན་རོགས་སྐྱོར་ལས་གཞི་མིན་པར། རྒྱ་གར་གཞུང་གི་དངུལ་ཁང་ཆེན་མོའི་ཁྲིམས་དང་མཐུན་པར་འགྲོ་རྒྱུ་ཡིན་པས། ཚང་མར་ཚོང་གི་འཆར་གཞི་ཚད་ལྡན་དགོས་པ་རེད་ཅེས་དང་། ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཙོ་བོར་གྱུར་བའི་གྲོས་ཚོགས་ལའང་འགན་ཁུར་གྱིས་གྲོས་ཚོགས་ཀྱི་རྩིས་ཞིབ་ཐོག་ནས་ཀྱང་འགྲོ་དགོས་ཡོད་པས། ཚོང་གི་འཆར་གཞི་ཚད་ལྡན་ཁུར་ཡོང་བ་ཡིན་ན། ཧིན་སྒོར་འབུམ་བཅུ་བུན་གཡར་གནང་ན། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཉིས་ནས་ཐག་གཅོད་གནང་གི་ཡོད་པ་དང་། འབུམ་བཅུ་ནས་ཉི་ཤུ་བར་ཚོགས་མི་གསུམ་ནས་ཐག་གཅོད་གནང་གི་རེད་གསལ་བཤད་གནང་གི་འདུག
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་བུ་ལོན་གཡར་རྒྱུར། གལ་ཆེ་ཤོས་ནི་དྭང་བླངས་དཔྱ་དངུལ་དུས་ཐོག་ཕུལ་ཡོད་པ་དང་། ས་གནས་འགོ་འཛིན་གྱིས་བོད་མི་ཡིན་པའི་ངོས་སྦྱོར་ཡོད་པ། འགེངས་ཤོག་ནང་དུ་ཆ་རྐྱེན་གང་འཁོད་པ་ཇི་བཞིན་དུ་བསྐང་ཐུབ་དགོས་པ། ཚོང་གི་འཆར་གཞི་དང་སོ་སོ་ལ་དངུལ་བྱང་ཡོད་པ། ཁྲལ་སྤྲོད་པའི་ཁས་ལེན་གཙང་མ་སོགས་དགོས་ཀྱི་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎