སྲིད་སྐྱོང་མཆོག་ནས་ར་མ་ཕོ་ས་མཆོག་ལ་འཚམས་འཕྲིན་གནང་བ།

2018-02-18
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་གསར་པར་འཚམས་འཕྲིན་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་གསར་པར་འཚམས་འཕྲིན་གནང་འདུག
ཊི་ཨཱར་ཊི།

ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་Jacob Zuma ལྐོག་ཟ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་སྲིད་འཛིན་ལས་གནས་དགོངས་པ་ཞུ་དགོས་བྱུང་རྗེས་  Cyril Ramaphosa མཆོག་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པར་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་གནང་ཡོད་པ་རེད་།  སྲིད་སྐྱོང་མཆོག་གི་འཚམས་འཕྲིན་དེའི་ནང་སྐུ་ཞབས་Cyril Ramaphosa མཆོག་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་དུ་འདེམས་མཐོན་བྱུང་བར་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་མ་འོངས་ལས་དོན་སོགས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་།  དེ་སྔོན་ཁོང་གིས་ལྷོ་ཨཱཕ་རི་ཀ་དེ་བཞིན་གཞི་རྩའི་ཁྲིམས་ལུགས་དབང་འཛིན་དང་འདྲ་མཉམ་དང་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་དུ་འདེམས་ཐོན་བྱུང་བའི་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་Cyril Ramaphosa མཆོག་ནི་ལྷོ་ཨཱཕ་རི་ཀའི་སྲིད་འཛིན་དམ་པ་Nelson Mandela ཡི་གྲོགས་པོ་ཉེ་པོ་ཡིན་པ་མ་ཟད་ལྷོ་ཨཱཕ་རི་ཀའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཁ་གཏད་ཀྱི་ལས་དོན་ཤུགས་ཆེ་སྤེལ་གནང་མཁན་ཞིག་ཀྱང་ཡིན་པ་རེད།   དེ་བཞིན་སྲིད་སྐྱོང་མཆོག་ནས་ད་རེས་ཁོང་ལྷོ་ཨཱཕ་རི་ཀའི་ནང་ཕྱོགས་ཕེབས་གནང་བ་བརྒྱུད་ནས་སེམས་སྐུལ་ཧ་ཅང་ཐེབས་པའི་ཚོར་བ་བཏོན་གནང་ནས་ལྷོ་ཨཱཕ་རི་ཀའི་ནང་དེ་ལྟར་གྱི་ཞི་བའི་ཐོག་ནས་འཕེལ་རྒྱས་ཤུགས་ཆེ་འགྲོ་ཐུབ་པ་དེས་བོད་ཀྱི་གནད་དོན་དེ་ཡང་ཞི་བའི་ཐོག་ནས་སེལ་མ་ཐུབ་ཞིག་མེད་པའི་སྐོར་གསུངས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།