བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཕྱིར་འགྱངས་བྱས་འདུག


2018.03.16
རྡ་རམ་སཱ་ལའི་གངས་ཅན་སྐྱིད་གཤོང་། ༢༠༡༧།༡༡ རྡ་རམ་སཱ་ལའི་གངས་ཅན་སྐྱིད་གཤོང་། ༢༠༡༧།༡༡
Lhuboom/RFA

སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཞབས་སོར་འཁོད་ནས་ལོ་ངོ ༥༩་འཁོར་བའི་ཉིན་མོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཕྱིར་འགྱངས་གནང་འདུག
དེ་ཡང་སྔོན་འཆར་ལྟར་ན། ཟླ་༣ཚེས་༡༧ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་བའི་ཉིན་མོ་དྲན་གསོ་ཞུ་རྒྱུའི་སླད་དམིགས་བསལ་མཛད་སྒོ་ཞིག་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་འཚོགས་གཏན་འཁེལ་ཡོད་པ་དེ་ཕྱིར་འགྱངས་ཀྱིས་སྤྱི་ཚེས་༣༡ ཉིན། རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ཉིན་མོ་་སྲུང་བརྩི་ཞུ་རྒྱུ་གཏན་འཁེལ་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་གནས་ཚུལ་བཀོད་འདུག
དེ་ཡང་ཟླ ༣ ཚེས ༣༡ ་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྤྱི་ནོར༧གོང་ས་མཆོག་དབུ་བཞུགས་ཀྱིས་ཕྱི་ནང་སྐུ་མགྲོན་ཁག་གཅིག་དང་། རྡ་སར་འཚོ་གནས་སེར་སྐྱ་མང་ཚོགས་ཚང་འཛོམས་ཐོག་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུ་གཏན་འཁེལ་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། འཕགས་བོད་གཉིས་ལོ་རྒྱུས་ཐོག་ས་འབྲེལ་ཙམ་མ་ཟད། ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་རེད། དེང་སྐབས༧གོང་ས་མཆོག་ནི་རྒྱ་གར་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ། ཆོས་ལུགས་མཐུན་སྒྲིལ། འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་ཀྱི་ལྟ་གྲུབ་གོང་མཐོར་གཏོང་གནང་མཛད་མཁན་རྒྱ་གར་གྱི་སྐུ་ཚབ་ཕུལ་བྱུང་ཞིག་ལ་ངོས་འཛིན་ཞུ་ཆོག ཅེས་སོགས་གསུངས།
དེ་ཡང་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་གར་ཡུལ་འདི་ནི་བོད་མི་ཚོར་ཕ་ཡུལ་གཉིས་པ་ཞིག་ཡིན་པ་མ་ཟད། བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན། དེར་བརྟེན་སྤྱི་ནོར༧གོང་ས་མཆོག་དབུ་བཞུགས་ཐོག་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ༢༠༡༨་ལོ་འཁོར་མོར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་གཏན་འཁེལ་ཡོད། ཅེས་གསུངས་འདུག
ཐོག་མའི་སྔོན་འཆར་ལྟར་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དེ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་རྒྱལ་ལྡི་ལིར་སྤེལ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་རྗེས་སུ་དེར་འགྱུར་བ་ཐེབས་ནས་ལྡི་ལིར་མིན་པར་བཞུགས་སྒར་རྡ་རམ་ས་ལར་བསྐྱང་རྒྱུ་བྱས་ཡོད་པ་རེད།

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎