བྱང་ཕྱོགས་དང་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཁྲིམས་དྲུང་གསར་བསྐོ།


2017.12.18
བྱང་ཕྱོགས་དང་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཁྲིམས་དྲུང་གསར་བསྐོ བྱང་ཕྱོགས་དང་ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཁྲིམས་དྲུང་གསར་བསྐོ
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བྱང་ཕྱོགས་དང་། ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཁྲིམས་དྲུང་གསར་བསྐོ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་ ༢༠༡༧ ་ཟླ་ ༨ ་ཚེས་ ༢༡ ་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ལུགས་བསླབ་པ་མཐར་སོན་པ་དམིགས་བཀར་ལས་བྱེད་ ༦ ་ས་སྟོང་སྐོང་ཆེད་འདེམས་བསྐོ་ལྷན་ཁང་བརྒྱུད་ལས་བྱེད་གསར་འདེམས་གསལ་བསྒྲགས་བསྐྱངས་པ་ལྟར། མི་འགྲོ་ ༢ ་རྒྱུགས་འཕྲོད་བྱུང་སྟེ། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༦ ་གཞིར་བཟུང་གསར་བསྐོ་ལས་བྱེད་ཁྲིམས་ལུགས་རབ་བྱམས་པ་ཕུན་ཚོགས་དཔལ་ལྡན་ལགས་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༡༧  ་ཟླ་ ༡༢་ཚེས་ ༡༡ ་ཉིན་དང་། གསར་བསྐོ་ལས་བྱེད་བློ་བཟང་ལགས་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༡༧ ་ཟླ་ ༡༢ ་ཚེས་ ༡༢ ་ཉིན་སོ་སོར་ས་གནས་ཁྲིམས་དྲུང་གི་ལས་འགན་འགོ་འཛུགས་ཞུས་དགོས་པའི་བསྐོ་གཞག་བཀོད་ཁྱབ་བསྩལ་ཏེ། གོང་ཚེས་ཉིན་སོ་སོར་གསར་བསྐོ་ས་གནས་ཁྲིམས་དྲུང་གཉིས་ནས་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱང་ཕྱོགས་དང་། ལ་དྭགས་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་གྲུབ་ཡོད་འདུག
ད་དུང་གནས་ཚུལ་སྤེལ་བའི་ནང་སྔོན་ཡོད་བྱང་ཕྱོགས་ས་གནས་ཁྲིམས་དྲུང་ཕུན་ཚོགས་སྒྲོལ་མ་ལགས་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་གནས་སྤོས་དང་། ལྷོ་ཕྱོགས་དང་ལ་དྭགས་ས་གནས་ཁྲིམས་དྲུང་གཉིས་འཛིན་སྐྱོང་ཁོངས་གནས་སྤོས་ཀྱི་ལས་འགན་བཀོད་སྒྲིག་ཟིན་པ་ལྟར། བྱང་ཕྱོགས་དང་། ལྷོ་ཕྱོགས། ལ་དྭགས་བཅས་ས་གནས་ཁྲིམས་ཞིབ་ཁང་གསུམ་གྱི་ཁྲིམས་དྲུང་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་གྱི་ལས་རིམ་ཁག་ཀྱང་ལེགས་པར་ཟིན་ཡོད་པ་འཁོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎