བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་མ་ཐོབ་བར་དུ་བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

2021-02-16
Share
བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་མ་ཐོབ་བར་དུ་བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ལོ་སར་འཚམས་འཕྲིན་དང་མཉམ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་གསུངས་པ།
སྒྲིག་བཟོ།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་དང་མཉམ་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག
ཅེག་(Czech)སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Premysl Rabas)ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་འཛུགས་མཁན་གྲས་སྐུ་ཞབས་(Frantisek
Kopriva)རྣམ་གཉིས་ཀྱིས། ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་བྱས་ནས། བོད་མི་ཚོར་བོད་རྒྱལ་ལོ་༢༡༤༨རབ་གནས་ལྕགས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ཆེད་འཚམས་འདྲི་དང་མཉམ། བོད་དོན་བདེན་པའི་འཐབ་རྩོད་ལམ་ལྷོང་ཡོང་བ་དང་། ཚོགས་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་རྒྱུ་ཡིན་པ། དབུ་མའི་ལམ་གྱི་དགོངས་དོན་ལྟར་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འོག་བོད་མི་རྣམས་རང་ཡུལ་དུ་ཕྱིར་ལོག་མ་བྱུང་བར་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས། ཕྱི་ལོ་༢༠༢༠ལོའི་ཨ་མི་རི་ཀའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོིར་གྱི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ནི། གྲུབ་འབྲས་ཆེན་པོ་ཞིག་ཡིན་པས་བོད་མིའི་དབུ་ཁྲིད་དང་མི་མང་ཚོར་བསྔགས་བརྗོད་དང་། དེ་ནི་གནད་འགག་ཆེན་པོ་ཞིག་རེད་ཅེས་གསུངས་གནང་འདུག
ཕྱི་ལོ་༢༠༡༨ལོར་བསྐྱར་གསོ་གནང་བའི་ཅེག་སྤྱི་མཐུན་རྒྱལ་ཁབ་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོཌ་ནང་ཚོགས་པ་ཆེ་ཤོས་ཡིན་པ་མ་ཟད། ཡོ་རོབ་ནང་གྲོས་ཆོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།