ཧྥ་རན་སི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ།

2018-10-10
གློག་འཕྲིན།
མཆན།
Share
པར་བཀོད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས། ༢༠༡༨།༡༠།༠༩
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས། ༢༠༡༨།༡༠།༠༩
Sikyong/fb

ཧྥ་རན་སི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་སླར་གསོ་བྱུང་འདུག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་འདི་ལོའི་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་འཐུས་མི་(Dana Balcarova)་མཆོག་དང་། (Marek Benda)རྣམ་གཉིས་ཀྱིས་ཐུགས་འཁུར་བཞེས་ནས་སླར་གསོ་གནང་བ་ཞིག་ཡིན་པ་དང་། ཕྱི་ཚེས་༩་ཉིན་(Forum2000)ཞེས་པའི་ཚོགས་ཆེན་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཕེབས་པ་དང་བསྟུན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོ་ཞིག་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་གནང་འདུག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་དཀའ་རྙོག་སེལ་ཐབས་གནང་རྒྱུ་དེ་ཡིན་པ་གསུངས་ཡོད་ཅིང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བསྡོམས་༥༠་ལྷག་ཡོད་འདུག་ལ་། འདི་ནི་ཡུལ་དེའི་གྲོས་ཚོགས་ནང་གི་ཚོགས་པ་ཆེ་ཤོས་དང་ཡོ་རོབ་ཁྱོན་ཡོངས་ནང་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡང་ཆགས་ཡོད་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་བཞིན་ཕྱི་ཟླ་ ༡༠ ཚེས་༦་ཉིན་ཧྥ་རན་སིའི་ཆབ་སྲིད་ཚོགས་པ་མི་འདྲ་བ་བཞིའི་གྲོས་ཚོགས་ཀྱི་འཐུས་མི་མི་གྲངས་༡༧་ཡོད་པའི་ཧྥ་རན་སིའི་་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་སྐབས་༡༥་པ་དེ་བསྐྱར་འཛུགས་གནང་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།