སྨན་པ་དང་སྨན་ཞབས་ཚོའི་ཕྱག་ལས་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་རླབས་ཆེན་ཕྱག་ལས་ཡིན། ༧གོང་ས་མཆོག་གིས།

2021-05-10
Share
སྨན་པ་དང་སྨན་ཞབས་ཚོའི་ཕྱག་ལས་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་པའི་རླབས་ཆེན་ཕྱག་ལས་ཡིན། ༧གོང་ས་མཆོག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཧཱ་ཝཌི་གཙུག་ལག་སློབ་ཆེན་གྱིས་བྱམས་བརྩེ་གོང་འཕེལ་ཐད་སྔར་ལས་ལྷག་དོ་སྣང་རྒྱ་ཆེར་གནང་བཞིན་པར་༧གོང་ས་མཆོག་གིས་ཡི་རངས་དང་བསྔགས་བརྗོད་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་ནང་གི་ཧཱ་ཝཌི་(Harvard University)་གཙུག་ལག་སློབ་ཆེན་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༥་བའི་ཚེས་༩་ཉིན་སློབ་ཆེན་དེའི་སློབ་དཔོན་དང་ལས་བྱེད། དེ་བཞིན་སྨན་བཅོས་སྡེ་ཚན་གྱི་སློབ་ཕྲུག་སོགས་ལ་སྨན་བཅོས་འཕྲོད་བསྟེན་གོང་སྤེལ་གཏོང་བའི་ཐབས་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བརྙན་གྱི་ལམ་ནས་བཀའ་སློབ་བསྩལ་བའི་ནང་། ངོས་ཀྱིས་རྒྱུན་དུ་ནས་ཧཱ་ཝཌི་གཙུག་ལག་སློབ་ཆེན་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། གྲགས་ཆེ་བའི་གཙུག་ལག་སློབ་ཆེན་དེར་ངོས་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ག་དུས་བྱུང་ཡང་། སེམས་ནང་སྤོབས་པ་ཡོང་གི་འདུག འཛམ་གླིང་ནང་སློབ་ཆེན་དེར་མཚན་སྙན་ཆེ་བའི་ཁར། ད་སྐབས་སློབ་ཆེན་དེ་ཉིད་ཀྱིས་ཆེད་ལས་སློབ་ཚན་མཉམ་དུ་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཐད་སྔར་ལས་ལྷག་དོ་སྣང་རྒྱ་ཆེར་གནང་བཞིན་པར་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུས་ཀྱི་ཡོད། ངོས་ཀྱི་རེ་བ་ལ། གང་ཟག་ཁོང་ཁྲོ་ཅན་དང་ནད་པ་ཚོར་ཧཱ་ཝཌི་གཙུག་ལག་སློབ་ཆེན་གྱི་སྨན་གཅོས་སྡེ་ཚན་ནས་སྨན་བཅོས་དང་ལྟ་སྐྱོང་གནང་བའི་རྗེས་མི་དེ་ཞི་བདེ་རང་བཞིན་ཅན་ཞིག་ཏུ་བསྒྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ཡང་སྨན་པ་དང་སྨན་ཞབས་པ་ཚོས་ཉིན་མཚན་མེད་པར་འགྲོ་བ་མིའི་བདེ་རྩར་ཕན་པའི་ཞབས་འདེགས་སྒྲུབ་མུས་ཡིན་པ་མ་ཟད། ལྷག་པར་དུ། ནད་པའི་ཚེ་སྲོག་ལ་གཅེས་སྐྱོང་དང་སྨན་བཅོས་གནང་སྟེ་ཁོང་ཚོའི་ཡིད་ཆེས་དང་རེ་བ་མ་བརླག་པར་མུ་མཐུད་གནས་པའི་ཕན་རླབས་སྦྱིན་མུས་ཡིན། དེར་བརྟེན་སྨན་པ་དང་སྨན་ཞབས་ཚོའི་ཕྱག་ལས་འདི་ནི་ང་ཚོའི་འགྲོ་བ་མི་གཅེན་གཅུང་ཚོར་རླབས་ཆེན་གྱི་ཞབས་འདེགས་སྒྲུབ་ཀྱི་ཡོད་པར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཕྱག་ལས་དེ་དག་མུ་མཐུད་དུ་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀའ་གནང་ཡོད་པ་རེད།
གོང་ཞུས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱི་བརྙན་ཐུང་དེ་ནི། སྤྱི་༥་པའི་ཚེས་༩་ཉིན་ཧཱ་ཝཌི་གཙུག་ལག་སློབ་ཆེན་ལ་བསྩལ་བའི་བཀའ་སློབ་ཀྱི་ཆ་ཤས་ཤིག་ཡིན་པ་ལས། བཀའ་སློབ་ཆ་ཚང་དེ་བཞིན་སྤྱི་ཟླ་༦་པའི་ཚེས་༡༡་དང་༡༢་ཉིན་སློབ་ཆེན་དེ་ཉིད་ཀྱིས་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
ཨ་མི་རི་ཀའི་མངའ་སྡེ་(Massachusetts)་ནང་ཆགས་པའི་ཧཱ་ཝཌི་གཙུག་ལག་སློབ་ཆེན་ནི། སྤྱི་ལོ་༡༦༣༦་ལོ་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་དང་། སློབ་ཆེན་དེ་ནི་ཨ་རིའི་ནང་མཐོ་རིམ་སློབ་གཉེར་ཁང་རྙིང་ཤོས་དེ་ཡིན་འདུག་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་སློབ་ཆེན་དེར་ཆེ་མཐོང་ཆེ་ཞིང་སྙན་གྲགས་ཆེ་ཤོས་ཀྱི་སློབ་ཆེན་གྲས་ཤིག་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།