ཤི་ཡང་བློ་འགྱོད་མེད་པ་མི་ཚེ་དོན་དང་ལྡན་པ་སྐྱེལ་དགོས། ༧གོང་ས་མཆོག་གིས།

2018-04-11
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཌན་མར་ཁུ་(Denmark)ནས་ཕེབས་པའི་སློབ་ཕྲུག་མཇལ་མོལ་སྐབས། ༢༠༡༨།༤།༢
སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཌན་མར་ཁུ་(Denmark)ནས་ཕེབས་པའི་སློབ་ཕྲུག་མཇལ་མོལ་སྐབས། ༢༠༡༨།༤།༢
OHHDL

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཌན་མར་ཁུ་(Denmark)ནས་ཕེབས་པའི་སློབ་ཕྲུག་རྣམས་ལ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་སྐོར་བཀའ་སློབ་གནང་འདུག
དེ་ཡང་ཟླ་བ་འདིའི་ཟླ་འགོར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡོ་རོབ་རྒྱལ་ཁབ་(Denmark)་ནས་ཡོང་བའི་སློབ་ཕྲུག་ཚོགས་པ་ཞིག་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་སློབ་ཕྲུག་རྣམས་ལ་ཇི་ལྟར་བྱས་ནས་རང་ཉིད་ཤི་བའི་སྐབས་བློ་འགྱོད་མེད་པ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་ཐབས་ཐད་ནས་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་ཤི་བ་ནི་མི་ཚེའི་ཆ་ཤས་ཤིག་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས། སྐབས་དེར་སློབ་མ་རྣམས་ལ་ཤི་བ་དང་། ན་བ། རྒས་བ་བཅས་ནི་མི་ཚེའི་ཆ་ཤས་ཤིག་ཡིན་པས། དེར་རྟེན་ང་ཚོས་ཀྱང་ང་ཉིད་ཀྱི་འཚོ་བའི་ནང་ཤི་དགོས་པའི་དངོས་ཡོད་གནས་ཚུལ་དེ་སྔ་ཙམ་ནས་དང་ལེན་བྱེད་ཐུབ་དགོས་པ་བཀའ་གནང་འདུག་ལ། དེ་བས་འཚོ་བཞིན་པའི་སྐབས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་ནི་གལ་ཆེན་པོ་ཡིན་ཞིང་། དེ་ཡང་རབ་བྱུང་ན་གཞན་ལ་ཕན་ཐོག་ཡོད་པའི་བྱ་བ་སྒྲུབ་དགོས་པ་དང་། མ་བྱུང་ན་ཡང་གཞན་ལ་གནོད་འཚེ་བྱེད་མི་ཉན། དེ་ལྟར་བྱས་ན་རང་ཉིད་ཤི་བའི་སྐབས་སུ་འགྱོད་པ་ཡོང་གི་མ་རེད་ཅེས་བཀའ་གནང་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།