བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་དྲང་བདེན་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱེད་པ་མཚོན། ༧གོང་ས་མཆོག་གིས།


2019.05.08
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
OHHDL

སྐབས་བདུན་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་སྩལ་གནང་འདུག
སྤྱི་ལོ་༢༠༡༩ལོའི་ཟླ་ ༥་ཚེས་༨་ཉིན་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ལཏ་ཝི་ཡའི་རྒྱལ་ས་རི་གྷར་བསྐོང་ཚོགས་གནང་བཞིན་པའི་སྐབས་བདུན་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་དེའི་ནང་། བོད་མིའི་འཐབ་རྩོད་ནི་དྲང་བདེན་དང་འཚེ་མེད་ཞི་བར་གཞིར་བཞག་པ་ཞིག་ཡིན་སྟབས། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་ལྟ་གྲུབ་དེ་གཉིས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པ་ཞིག་ཡིན་པ་བཀའ་གནང་པ་དང་། བོད་དོན་ཐད་འདི་ལྟ་བུའི་ལྷན་ཚོགས་བསྐོང་ཚོགས་གནང་པར་ཕན་ཐོག་ངེས་ཅན་ཡོད་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཐད་རྩ་དོན་གསུམ་གྱི་སྒོ་ནས་དོ་སྣང་བྱེད་དགོས་པའི་དགོངས་ཚུལ་བཀའ་གནང་ཞིང་། དེ་ཡང་བོད་ཀྱི་ཁོར་ཡུག་ནི་འཛམ་གླིང་ནང་གི་མི་འབོར་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས་དེ་སྲུང་སྐྱོབ་དགོས་རྒྱུ་དང་། ཡང་བོད་ཀྱི་སྐད་ཡིག་ནི་དཔལ་ན་ལེནྜའི་ལྟ་གྲུབ་སྟེ་འཛམ་གླིང་སྤྱིའི་བདེ་ཐབས་སུ་ལེགས་སྐྱེས་འབུལ་བའི་ནུས་པ་ཡོད་པའི་རིག་གཞུང་བདག་ཉར་བྱ་མཁན་གྱི་སྐད་ཡིག་གཅིག་པུ་དེ་ཡིན་སྟབས་དེ་སྲུང་སྐྱོབ་དགོས་རྒྱུ་ནི་འཛམ་གླིང་སྤྱིའི་འོས་འགན་ལྟ་བུ་ཡིན་པ་བཀའ་གནང་པ་དང་། བྱམས་བརྩེ་གཞི་ལ་བཞག་པའི་བོད་ཀྱི་རིག་གཞུང་ནི་འཛམ་གླིང་གི་ཁྱད་ནོར་ལྟ་བུ་ཡིན་པ་དེ་ངེས་པར་སྲུང་སྐྱོབ་དགོས་པ་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎