བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཉིས་ཕན་དབུ་མའི་ལམ་ཡིན། ༧གོང་ས་མཆོག་གིས།

2018-08-22
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ་སྐབས། ༢༠༡༨།༨།༢༢
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ་སྐབས། ༢༠༡༨།༨།༢༢
OHHDL

༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་ཡང་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཉིས་ཕན་དབུ་མའི་ལམ་ཡིན་པ་བཀའ་སྩལ་འདུག
དེ་ཡང་འདི་ཚེས་༢༢་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནང་མངའ་རི་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་པོ་ཞིག་ལ་མཇལ་ཁ་སྩལ་སྐབས་རྒྱལ་རབས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་ཡིན་ན་ཡང་དངོས་ཡོད་གནས་སྟངས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡིན་པ་བཀའ་སྩལ་གནང་བ་དང་། ད་དུང་༧གོང་ས་མཆོག་གིས་དེ་སྔ་རྒྱ་བོད་གཉིས་དབར་ཆོས་ཡོན་འབྲེལ་ལམ་ཡོད་པའི་སྐད་ཆ་བཤད་པ་ལྟར་ད་ཆ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་རྒྱ་ནག་ནང་གི་ནང་པ་གཙོ་བོར་གྱུར་བའི་མི་མང་རྣམས་ལ་ཕན་ཐོག་བྱ་རྒྱུ་དང་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ནང་བསྡད་དེ་བོད་ནང་འཛུགས་བསྐྲུན་ལས་གཞི་སོགས་ལ་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་བ་ཟེར་ན་འདྲ་དཔལ་འབྱོར་ཐོག་ནས་རྒྱ་གཞུང་གིས་བོད་ལ་རོགས་བྱེད་ཡག་དེ་འདྲ་བྱུང་ན་བོད་ཀྱི་སྐད་ཡིག་ཐེ་བའི་རིག་གཞུང་ཁག་བོད་མི་རང་ཉིད་ནས་བདག་གཅེས་སྲུང་སྐྱོབ་བྱས་པ་དང་ཆབས་གཅིག་རྒྱ་ནག་ནང་གི་ནང་པ་ཚོར་ཕན་གྲོགས་བྱེད་ཐུབ་ན་དེ་ནི་གཉིས་ཕན་ཡིན་པ་རེད་ཅེས་དང་། ཡང་༧གོང་ས་མཆོག་གིས། དབུ་མའི་ལམ་གྱི་སྲིད་ཇུས་དེ་ཕྱི་ལོ་༡༩༧༤་ཙམ་ནས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། སྲིད་ཇུས་དེ་ནི་ང་ཚོའི་ངོས་ནས་རྒྱ་ནག་མཉམ་དུ་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པའི་སྲིད་ཇུས་ཡིན། ང་ཚོ་ཁ་བྲལ་ཆགས་ཀྱི་ཡོད་པ་མ་རེད་ལ་རྒྱ་ནག་ནང་ག་ལེར་འགྱུར་བ་འགྲོ་བཞིན་པའི་བཟོ་འདུག་ཅེས་སོགས་བཀའ་སྩལ་གནང་མཛད་འདུག

གསར་འགོད་པ་ཨྱོན་བསྟན་འཛིན་དང་། སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།