བཟི་སྨན་ལང་ཤོར་འགོག་ཐབས་ཆེད་༧གོང་ས་མཆོག་གིས་བཀའ་སློབ་གནང་འདུག

2018-08-23
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཉེན་རྟོག་པའི་གཙོ་འཛིན་(Santosh) ༢༠༡༨།༨།༢༢
༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཉེན་རྟོག་པའི་གཙོ་འཛིན་(Santosh) ༢༠༡༨།༨།༢༢
SP Kangra

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཁྲོད་བཟི་སྨན་ལང་ཤོར་འགོག་ཐབས་ཆེད་བཀའ་སློབ་སྩལ་གནང་མཛད་འདུག།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཉེན་རྟོག་པའི་གཙོ་འཛིན་(Santosh)ལགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཚེས་༢༢་ཉིན་བཞུགས་རྡ་རམ་ས་ལའི་ཕོ་བྲང་ནང་སྨན་རྫས་ངན་གོམས་འགོག་ཐབས་ཆེད་བཀའ་སློབ་བསྩལ་དོན་དུ། རྒྱ་གར་གྱིས་རང་ཉིད་སོ་སོའི་རིག་གཞུང་རྙིང་པ་རྩ་ཆེ་ཁག་བདག་གཅེས་སྲུང་སྐྱོབ་བྱ་རྒྱུར་འཐུས་ཤོར་ཕྱིན་པའི་རྐྱེན་གྱིས་རྒྱ་གར་གྱི་གཞོན་སྐྱེས་ཚོར་ནང་གི་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་གོ་རྟོགས་སྦྱོང་བརྡར་མེད་པར་བརྟེན་ནས་སྨྱོ་རྫས་རིགས་ལ་ལང་ཤོར་འགྲོ་ཡི་ཡོད་པ་དང་། དེའི་རིགས་ནི་སེམས་ཁམས་ལ་གནོད་འཚེ་ཆེ་བ་ཙམ་མ་ཟད། གཟུགས་པོར་ཡང་གནོད་ཚབས་ཆེན་པོ་ཡོད་སྟབས་་སློབ་གྲའི་ནང་དགེ་རྒན་རྣམས་ཀྱིས་ནང་སེམས་ཁམས་སྐོར་ཆོས་ཕྱོགས་ཐོག་ནས་མ་ཡིན་པར་རྒྱུ་མཚན་ལྡན་པའི་སློབ་གསོ་སྐྱོན་དགོས་པ་གལ་ཆེ་ཡིན་པ་སོགས་བཀའ་སློབ་སྩལ་གནང་མཛད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།