༧གོང་ས་མཆོག་གི་མཚན་ཐོག་གི་ཁ་པར་མཉེན་ཆས་གསར་པ།

2017-12-15
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༡༢།༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག ༢༠༡༧།༡༢།༡༥
OHHDL

༧གོང་ས་མཆོག་གི་མཛད་འཕྲིན་ཁག་གཟིགས་བདེའི་སླད་ཀུ་ཤུ་རྟགས་ཅན་གྱི་ཁ་པར་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་འདུག
དེ་ཡང་ཕྱི་ཚེས་ ༡༤ ་ཉིན་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་མོ་འབྲས་སྤུངས་ཏུ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༼ཏཱ་ལའི་བླ་མ་༽ཞེས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་མཉེན་ཆས་གསར་པ་ཞིག་དབུ་འབྱེད་གནང་ཡོད་པ་དང་། མཉེན་ཆས་གསར་པ་དེ་བརྒྱུད་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་ཆོས་དང་། མཛད་རྣམ། ༧སྐུ་པར་སོགས་ལ་སྟབས་བདེ་པོའི་ཐོག་ནས་གསན་གཟིགས་གནང་ཐུབ་ཀྱི་ཡོད་འདུག
དེའི་ཐད་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཚེ་བརྟན་བསམ་འགྲུབ་ལགས་ཀྱིས། དེང་སང་མི་ཚང་མ་ས་ཕྱོགས་གང་དུ་ཕེབས་ཡང་སྔར་དང་མི་འདྲ་བར་སོ་སོའི་ཁ་པར་བརྒྱུད་འཛམ་གླིང་གི་གནས་ཚུལ་ཚང་མ་ལས་སླ་བོའི་ངང་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་སྟབས། ང་ཚོས་མི་མང་ཚང་མའི་ལག་ཏུ་༧གོང་ས་མཆོག་གི་མཛད་རིམ་གསུང་ཆོས་དང་། བཀའ་སློབ། དེ་བཞིན། མཛད་འཆར་ཁག་ཚང་མ་ལམ་སེང་ལྟ་ཆོག་ཆོག་ཡོང་ཆེད་ཁ་པར་མཉེན་ཆས་འདི་གསར་དུ་བཟོས་པ་ཞིག་རེད།  སྔོན་མ་ཡིན་ན། མི་ཚང་མས་གློག་ཀླད་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་གསུང་ཆོས་ཁག་ལ་གསན་གཟིགས་གནང་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ཁ་པར་དར་སྲོལ་ཆེན་པོ་ཆགས་ཏེ་མི་མང་ཆེ་བར་ཁ་པར་ཡོད་སྟབས། ང་ཚོས་༧གོང་ས་མཆོག་གི་མཛད་འཕྲིན་བཀའ་སློབ་ཁག་འདུས་པའི་མཉེན་ཆས་ཤིག་གསར་དུ་བཟོ་ཐུབ་ཡོད་པ་འདིས་མི་མང་གི་རེ་འདུན་ཞིག་འགྲུབ་ཐུབ་པ་བྱུང་སོང་སྙམ་གྱི་ཡོད། ད་ལྟའི་སྐབས་མཉེན་ཆས་དེ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོག་མ་གཏོགས་མེད་ཀྱང་། ང་ཚོས་རིམ་བཞིན་ཁ་པར་གཞན་གྱི་ནང་བཀོལ་སྤྱོད་ཐུབ་པ་བཟོ་འཆར་ཡོད། ཅེས་འགྲེལ་བརྗོད་གནང་འདུག
གཉེན་ཆས་གསར་པ་དེ་ནི་ཤུ་ཀུའི་ཁ་པར་ནང་གི་གཉེན་ཆས་ཕབ་ལེན་བྱེད་སའི་ནང་(Dalai Lama)་ཞེས་དབྱིན་ཡོག་ཐོག་བྲིས་ན་རིན་མེད་ཐོག་ཕབ་ལེན་བྱེད་ཐུབ་ཀྱི་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།