ཕྱིར་བོད་དུ་ཕེབས་རྒྱུའི་ཐུགས་རེ་ནམ་ཡང་དོར་མེད་པ་༧གོང་ས་མཆོག་གིས་བཀའ་གནང་འདུག

2019-06-27
གློག་འཕྲིན།
མཆན།
Share
པར་བཀོད།
སྦི་སྦི་སི་(BBC)གསར་ལས་ཁང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲིའི་སྐབས། ༢༠༡༩།༦
སྦི་སྦི་སི་(BBC)གསར་ལས་ཁང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲིའི་སྐབས། ༢༠༡༩།༦
དྲ་བཤུས། BBC

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུའི་ཐུགས་རེ་ནམ་ཡང་དོར་གནང་མེད་པ་དབྱིན་ཇིའི་སྦི་སྦི་སི་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས་གསུངས་འདུག
སྦི་སྦི་སི་(BBC)གསར་ལས་ཁང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་པའི་ལེ་ཚན་གྱི་དུམ་བུ་ཞིག་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་རྒྱང་སྲིང་ཞུས་ཤིང་། དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་དམངས་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་ཧ་ཅང་གི་ཆེན་པོ་ཞུ་གི་ཡོད་པ་དང་། བོད་མི་རྒན་གྲས་མང་དག་ཞིག་གིས་མིག་ལ་མིག་ཆུས་ཁེངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕེབས་དགོས་པའི་རེ་འདུན་བྱེད་བཞིན་ཡོད་པ་བཀའ་གནང་འདུག
སྦི་སྦི་སི་གསར་འགོད་པས་དེ་ལྟར་ཡོང་ཐབས་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་ནང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་དང་ཐད་ཀར་གྱི་འབྲེལ་བ་མེད་པ་བཀའ་གནང་ཞིང་། འོན་ཀྱང་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་མཁན་རྒྱ་ནག་གི་དཔོན་རིགས་ཟུར་པ་ཁག་གཅིག་དང་། དེ་བཞིན་ཤེས་ཡོན་ཅན་པ་ཁག་གཅིག་ལ་སྐུ་སྒེར་གྱི་འབྲེལ་བ་གནང་ཡོད་པ་བཀའ་གནང་ཡོད་པ་རེད།
ཡང་སྦི་སྦི་སི་གསར་འགོད་པས་རྒྱ་ནག་གི་ནུས་ཤུགས་རྒྱས་བཞིན་པ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཤུགས་རྐྱེན་གྱི་ནུས་པ་དང་། བོད་ཀྱི་གནད་དོན་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡོང་གི་ཡོད་མིན་བཅར་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེར་ཁྱད་པར་གང་ཡང་མེད་པའི་དགོངས་ཚུལ་གསུངས་པ་དང་ཆབས་གཅིག་རྒྱ་ནག་མི་དམངས་ཀྱི་བསམ་བློའི་འཁྱེར་བཟོར་འགྱུར་བ་འགྲོ་བཞིན་ཡོད་པ་བཀའ་གནང་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྦི་སྦི་སིའི་གསར་ལས་ཁང་གི་བཅར་འདྲི་ཞུས་པའི་ལེ་ཚན་རྒྱས་པ་ཞིག་རྗེས་སུ་རྒྱང་སྲིང་ཞུ་འཆར་ཡོད་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་ཡོ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པའི་གནད་དོན་དང་། ཡོ་རོབ་ནང་ཕྱི་མི་སྐྱབས་བཅོལ་བའི་གནད་དོན། དེ་བཞིན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནཱལཌ་ཏྲརམཔ་སོགས་ཀྱི་སྐོར་བཅར་འདྲི་ཞུས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།