ཨ་རིའི་གྲོས་ཚོགས་ནང་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཐོག་ཀརྨ་པ་མཆོག་ཕེབས་རྒྱུ་རེད།

2018-07-09
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༦།༢༧
ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༢༠༡༧།༦།༢༧
lhuboom/RFA

ཨ་རིའི་གྲོས་ཚོགས་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་ཐོག་ཀརྨ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་འདུག
དེ་ཡང་འདི་ཟླའི་ཚེས་༡༡་གཟའ་ལྷག་པའི་ཉིན། འདི་ག་རྒྱལ་སའི་མངའ་ཁུལ་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ནང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་མཐུས་མི་ཁག་ཅིག་གདན་ཞུས་ཐོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་དང་མཛད་སྒོའི་ཐོག་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་མགྲོན་གྱི་གཙོ་བོར་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་འདུག
ཡང་ད་རེས་འདི་ཁུལ་ཆིབས་བསྒྱུར་གནང་བའི་སྐབས་དང་བསྟུན་ནས། རྒྱལ་ས་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པས་ས་གནས་བོད་མི་རྣམས་ལ་ཆོས་འབྲེལ་དང་བླང་དོར་གྱི་བཀའ་སློབ་བཀྲིན་ཆེ་གནང་ཡོང་བའི་གསོལ་འདེབས་ཞུས་པར་བཀའ་བཞེས་བཟང་མོ་ཐོབ་སྟེ་། ཕྱི་ཉིན་གཟའ་ཕུར་བུའི་ཉིན་སྔ་དྲོ་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་རྗེས་གནང་དང་བཀའ་སློབ་སྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་སྔ་ལོ་ནས་འགོ་བཙུགས་གནང་ཡོད་པ་དང་། སྔ་ལོའི་འཁྲུངས་སྐར་སྐབས་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་ནེན་སི་པེ་ལོ་སི་མཆོག་གི་གཙོས་པས་འཐུས་མི་ཁག་ཅིག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅདྲ་གྷི་ཡར་སོགས་ནས་མཉམ་ཞུགས་དང་འབྲེལ་ཁོང་རྣམས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ལ་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།