བྱམས་བརྩེའི་སློབ་གསོ་དང་ནང་སེམས་ཀྱི་འཕྲོད་བསྟེན་ཆུང་དུས་ནས་སློབ་གལ་ཆེ། ༧གོང་ས་མཆོག་གིས།


2019.07.08
༧གོང་ས་མཆོག་གིས་ཡུལ་གྲུ་ཁག་འདྲ་མིན་གྱི་ཤེས་ཡོན་དང་འབྲེལ་བའི་ཆེད་ལས་མི་སྣ་དང་མཇལ་མོལ་སྐབས། ༢༠༡༩།༧།༨ ༧གོང་ས་མཆོག་གིས་ཡུལ་གྲུ་ཁག་འདྲ་མིན་གྱི་ཤེས་ཡོན་དང་འབྲེལ་བའི་ཆེད་ལས་མི་སྣ་དང་མཇལ་མོལ་སྐབས། ༢༠༡༩།༧།༨
OHHDL

བྱམས་བརྩེའི་སློབ་གསོ་དང་ནང་སེམས་ཀྱི་འཕྲོད་བསྟེན་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་སློབ་ཁྲིད་བྱེད་རྒྱུ་གལ་ཆེ་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ནང་བྱམས་བརྩེ་དང་བདེ་སྐྱིད་མི་འདང་བའི་དཀའ་ངལ་དེ་གནའ་རབས་དང་དེང་དུས་ཀྱི་ཤེས་ཡོན་འཁོད་མི་སྙོམས་པར་བརྟེན་ནས་བྱུང་བ་ཡིན་པ་དང་། བྱམས་བརྩེའི་སློབ་གསོ་དང་ནང་སེམས་ཀྱི་འཕྲོད་བསྟེན་དེ་ཕྲུ་གུ་ཆུང་ཆུང་སྐབས་ནས་སློབ་འཁྲིད་བྱེད་རྒྱུ་གལ་ཆེ་ཡིན་པ་ཕྱི་ཟླ་ ༧ ཚེས་ ༨ ཉིན་སྟོང་ཚོ་གསུམ་པའི་ཤེས་ཡོན་ཅེས་པའི་ཚོགས་འདུར་མཉམ་ཞུགས་གནང་མཁན་ཕྱི་ནང་མི་རིགས་ཚོར་མཇལ་ཁ་བསྩལ་གནང་སྐབས་བཀའ་གནང་འདུག  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་དང་སྲོག་ཆགས་གྲོག་མ་འབུ་སྲིན་ཡན་ལ་བདེ་སྐྱིད་འདོད་པ་གཅིག་གྱུར་ཡིན་པ་དང་། མི་ཚང་མ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚོ་དགོས་ཞིང་། བྱམས་བརྩེའི་དགེ་རྒན་ཐོག་མ་དེ་སོ་སོའི་མ་ཡིན་པ་དང་།  མའི་བྱམས་བརྩེས་ཕོངས་ནས་ཚར་ལོངས་བྱུང་བའི་ཕྲུ་གུའི་སེམས་ཀྱི་གནས་བབས་ལ་དཀའ་ངལ་ཡོང་གི་ཡོད་པ་བཀའ་གནང་པ་དང་ཆབས་ཅིག། བྱམས་བརྩེ་ནི་མིའི་འཚོ་གནས་ཀྱི་ནང་མེད་དུ་མི་རུང་བ་ཡིན་པ་བཀའ་གནང་འདུག
༧གོང་ས་མཆོག་གིས་ད་དུང་། མིའི་རང་བཞིན་ནི་བདེ་སྐྱིད་དང་བྱམས་པ། སྙིང་རྗེའི་ངོ་བོ་ཞིག་ཡིན་དུས། འཛམ་གླིང་ནང་བྱམས་བརྩེའི་ནུས་པ་མི་འདང་བའི་དཀའ་ངལ་དེ་དག་མིས་བཟོས་པ་ཞིག་ཡིན་པས། དེའི་ཁ་གཏད་དུ་བྱམས་བརྩེ་གོང་སྤེལ་གཏོང་རྒྱུ་ནི་ཐབས་ལམ་ཡག་ཤོས་ཡིན་པ་བཀའ་གནང་ཞིང་། འཛམ་གླིང་ནང་འགྲན་རྩོད་ཆེ་བའི་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་འབྲེལ་བའི་སློབ་སྦྱོང་དེ་དག་ནུབ་ཕྱོགས་ནས་དར་ཁྱབ་བྱུང་བ་ཞིག་དང་། བཟོ་ལས་གསར་བརྗེའི་དུས་རབས་མ་བྱུང་གོང་། ནུབ་ཕྱོགས་ཡོ་རོབ་ཁུལ་དུའང་། ཤེས་ཡོན་གྱི་བསྟི་གནས་གཙོ་བོ་ནི་ཡི་ཤུའི་ཆོས་ཁང་ཁག་ཡིན་པ་དང་། འཕྲུལ་རིགས་དང་བཟོ་ལས་ཡར་རྒྱས་སོང་བའི་རྗེས་དེང་རབས་ཀྱི་ཤེས་ཡོན་དང་སྲོལ་རྒྱུན་གྱི་སྤྱོད་བཟང་སློབ་ཁྲིད་གཉིས་འཁོད་མི་སྙོམ་པ་ཞིག་ཏུ་གྱུར་བ་ནི། དཀའ་ངལ་གྱི་འབྱུང་རྩ་ཡིན་པར་བཀའ་གནང་བ་དང་སྦྲགས། བྱམས་བརྩེ་གོང་སྤེལ་གཏོང་རྒྱུར། གཙོ་བོ་དེང་དུས་ཀྱི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་དེང་རབས་ཀྱི་ཤེས་ཡོན་དང་མཉམ་བྱམས་བརྩེའི་སློབ་གསོ་སྤྲོད་རྒྱུ་གལ་ཆེ་ཡིན་ལ། དེ་ཡང་བྱིས་པ་ཆུང་ཆུང་ནས་འགོ་བཙུགས་ཏེ་ལུས་ཀྱི་འཕྲོད་བསྟེན་སློབ་ཁྲིད་བྱེད་པ་བཞིན་དུ། མིའི་སེམས་ཀྱི་འཕྲོད་བསྟེན་ཡག་པོ་ཞིག་བསྐྲུན་ཐབས་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎