བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལྡི་ལིར་ཞབས་སོར་འཁོད་འདུག


2019.06.12
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕོ་བྲང་གི་སྒོ་ཆེན་མདུན། ༢༠༡༩།༥ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕོ་བྲང་གི་སྒོ་ཆེན་མདུན། ༢༠༡༩།༥
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་ཞལ་བསྒྱུར་གནང་གིས་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་། ཆེད་ལས་མི་སྣའི་ཚོགས་འདུར་དབུ་བཞུགས་ཆེད་ཚེས་༡༢ ཉིན་གྱི་ཞོགས་པར། བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཞབས་གསོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་གྱི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༡༣་ཉིན་སྨན་ཁང་ལ་ཆིབས་བསྒྱུར་གྱིས་སྐུའི་འཕྲོད་བཞེས་རྟག་དཔྱད་གནང་རྒྱུ་དང་། ཚེས་༡༤ཉིན་མཇལ་བཅར་བ་ཚོར་མཇལ་ཁ་སྩལ་གནང་རྒྱུ། དེ་ནས་དེ་རེས་ལྡི་ལིའི་མཛད་འཆར་གཙོ་བོ་དེ་འདི་ཚེས་༡༥ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་ཁང་ནང་དུ། ལ་དྭགས་ཁ་ཆེ་ཚོས་གོ་སྒྲིག་ཞུས་པའི་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་དང་ཆེད་ལས་མི་སྣའི་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་གསུངས་གནང་གི་འདུག
ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་སྲིད་འཛིན་གཞོན་པ་ཟུར་པ་སྐུ་ཞབས་ཧ་མིཊ་ཨན་ས་རི་མཆོག་དང་། རྒྱ་གར་རྒྱལ་ཡོངས་ནས་མཁས་པ་སོགས་མི་སྣ་བརྒྱ་བརྒལ་བ་འདུ་འཛོམས་གནང་འཆར་ཡོད་པ་གསུང་གནང་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་ཅིག་ནི་འཛམ་གླིང་ནང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བཟོ་རྒྱུ་དེ་ཡིན་སྟབས་ཐེངས་འདིའི་ཁ་ཆེའི་ཆོས་ལུགས་ཀྱི་ཚོགས་འདུར་གདན་ཞུ་ལྟར་ཕེབས་རྒྱུའི་ཞལ་བཞེས་གནང་བ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎