བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་འདུག

2019-09-19
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་སྐབས། ༢༠༡༩།༩།༡༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་སྐབས། ༢༠༡༩།༩།༡༩
RFA

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཡུ་པི་གྲོང་ཁྱེར་མ་ཐུ་རའི་ནང་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་མཛད་འཆར་བསྐྱང་གནང་མཛད་རྒྱུའི་ཆེད་ལྡི་ལིར་ཞབས་སོར་འཁོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་དགུ་བའི་ཕྱི་ཚེས་ ༡༩ ་ཉིན། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། ལྡི་ལིར་བཞུགས་གནས་(Tajman Singh)་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་གནང་སྐབས། རྒྱ་གར་དབུས་གཞུང་གི་སྐུ་ཚབ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཡེ་ཤེ་ཡའི་ངེས་སྟོན་པ་བསྟན་པ་ཚེ་རིང་ལགས། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་བཅས་ཕེབས་བསུར་བཅར་ཡོད་པ་རེད།
མཛད་འཆར་ལྟར་ན། ཕྱི་ཚེས་ ༢༠ ་ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་ཤེ་རི་རམ་སློབ་གཉེར་ཁང་(Shri Ram School)་དུ། ཁུལ་དེའི་ནང་གྱི་སློབ་གྲྭ་ཁག་ ༥༠ ་ནས་ཁྱོན་སློབ་མ་གྲངས་ ༢༣༠༠ ་སྐོར་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་(Educating the heart and mind)་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢༡ ་ཉིན་མགོན་པོ་གང་ཉིད་ཀྱིས་ཏཇི་མན་སིང་(Tajman Singh)་མགྲོན་ཁང་དུ་མཁས་དབང་དང་། ཤེས་ལྡན་མི་སྣ་བཅས་དང་ལྷན་གླེང་མོལ་གནང་རྒྱུ་མ་ཟད། ཕྱི་ཚེས་༢༢་དང་༢༣་བཅས་ཉིན་གཉིས་རིང་རྒྱ་གར་གྱི་གྲོང་ཁྱེར་མ་ཐུ་རའི་ནང་རྟེན་གཞི་བྱེད་པའི་(Shri Udasin Karhni Ashram) དུ་(Swami Karshni Gurushranandaji Maharaja)་ལྷན་མཇལ་འཕྲད་དང་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༥ ་ཉིན་ལྡི་ལིར་ཡོད་པའི་ཧ་རི་ཇན་སེ་ལྦཀ་སང་གྷན་ལྡི་ཨ་ཤརམ་(Harijan Sevak Sangh, Gandhi Ashram)་དུ་ཚོགས་རྒྱུའི་ཆོས་ལུགས་མཐུན་འབྲེལ་གི་མཛད་སྒོའི་ཐོག་ལྷན་བཞུགས་གནང་རྒྱུ་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱངས་གནང་མཛད་རྒྱུ་ཡིན་པ་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཡེ་ཤི་ཡའི་ངེས་སྟོན་པ་བསྟན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།