༧གོང་ས་མཆོག་གིས་ཌན་མཱ་ཁུ་ནས་ཕེབས་པའི་མི་སྣ་ཁག་གཅིག་དང་མཇལ་མོལ།

2019-09-12
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Denmark)་རྒྱལ་ཁབ་ནས་ཕེབས་པའི་མི་སྣ་ཁག་གཅིག་ལ་མཇལ་མོལ་སྐབས། ༢༠༡༩།༩།༡༡
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་(Denmark)་རྒྱལ་ཁབ་ནས་ཕེབས་པའི་མི་སྣ་ཁག་གཅིག་ལ་མཇལ་མོལ་སྐབས། ༢༠༡༩།༩།༡༡
OHHDL

སངས་རྒྱས་བཅོམ་ལྡན་འདས་ནི་རྒྱ་གར་གྱི་གནའ་རབས་ཀྱི་ཚན་རིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་༧གོང་ས་མཆོག་གིས་ཕྱི་མཇལ་བཅར་བ་ཁག་གཅིག་ལ་བཀའ་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་སྤྱི་ཚེས་༡༡་ཉིན་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ། ཌན་མཱ་ཁུ་(Denmark)་རྒྱལ་ཁབ་ནས་ཕེབས་པའི་མི་སྣ་༡༡་ཙམ་ལ་མཇལ་མོལ་གནང་བའི་སྐབས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ཕྱོགས་ཅིག་ནས་ལྟ་གྲུབ་སྨྲ་བ་དང་བསམ་བློ་བ་གྲགས་ཅན་ཞིག་ཡིན་ཞིང་། རྒྱུན་དུ་བཅོམ་ལྡན་འདས་མཆོག་གིས་ཁོང་གི་རྗེས་འབྲང་པ་ཚང་མར། ཁོང་གི་གསུང་ལ་དད་པའི་ཐོག་ནས་མ་ཡིན་པར་བརྟག་དཔྱད་ནན་ཏན་བྱེད་དགོས་པའི་སྐོར་བཀའ་གནང་བཞིན་ཡོད་པར་བརྟེན། རྒྱུ་མཚན་དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསམ་བློ་ནི་མི་ལོ་༢༥༠༠་གོང་ནས་ཚན་རིག་དང་རྗེས་མཐུན་རེད། དེར་བརྟེན་ངོས་ཀྱིས་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱ་གར་གྱི་གནའ་རབས་ཀྱི་ཚན་རིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཀའ་གནང་འདུག
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་ཆོས་ལ་གཞན་གྱིས་ལྟ་སྟངས་ཤིག་དཔེར་ལ་བཞག་ནས་བཤད་པ་ཡིན་ན། རྡུལ་ཕྲན་དངོས་ཁམས་རིག་པའི་ཐོག་ལ་རྒྱ་གར་གྱི་ཚན་རིག་པ་གྲགས་ཅན་འབུམ་རམས་པ་དམ་པ་(Raja Ramanna)་ལགས་ཀྱིས། ཐེངས་ཤིག་ཁོང་གིས་ངོས་ལ་གསུངས་དོན་དུ། ཚད་རྡུལ་དངོས་ཁམས་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གསར་པ་ཡིན་ནའང་རྒྱ་གར་ནང་ཚད་རྡུལ་དངོས་ཁམས་སྐོར་ལོ་ངོ་༢༠༠༠་གོང་ནས་གསལ་སྟོན་གནང་ཡོད་པ་ངོས་ལ་གསུངས་བྱུང་ཞེས་བཀའ་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།