སྨན་པ་ཚོས་འཛུམ་མདངས་བསྟན་ནས་ནད་པའི་སེམས་ལ་བདེ་སྐྱིད་བསྐྲུན་གལ་ཆེ། ༧གོང་ས་མཆོག་གིས།


2019.07.17
བོད་ཀྱི་དབུ་ཁྲིང་༧གོང་ས་མཆོག་གི་མཇལ་ཁའི་སྐབས། ༢༠༡༩།༧།༡༧ བོད་ཀྱི་དབུ་ཁྲིང་༧གོང་ས་མཆོག་གི་མཇལ་ཁའི་སྐབས། ༢༠༡༩།༧།༡༧
OHHDL

སྨན་པ་ཚོས་སྨན་བཅོས་སྐབས་ནད་པར་འཛུམ་མདངས་ཀྱི་རྣམ་འགྱུར་བསྟན་ནས་སེམས་ལ་བདེ་སྐྱིད་བསྐྲུན་གལ་ཆེ་བ་༧གོང་ས་མཆོག་གིས་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་ཕྱི་ཚེས་༡༧ ་ཉིན། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ། ཨ་མི་རི་ཀའི་གྲོང་ཁྱེར་(New Orleans)་ནང་རྟེན་གཞི་བྱས་པའི་(Tulane)་གཙུག་ལག་སློབ་ཆེན་གྱི་སྨན་གྱི་སློབ་མ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཏེ། ཨེམ་རྗེ་ཚོེས་རྒྱུན་དུ་ནད་པར་སྨན་བཅོས་བྱེད་པའི་སྐབས་འཛུམ་མདངས་ཀྱི་རྣམ་འགྱུར་རིགས་བསྟན་ནས་སེམས་ལ་བདེ་སྐྱིད་བསྐྲུན་གལ་ཆེ་བ་དང་། སྨན་པ་ཁག་ཅིག་སྨན་པའི་ཆེད་ལས་ཐོག་མཁས་པ་ཡིན་ནའང་། རྒྱུན་དུ་ནད་པ་སྨན་བཅོས་བྱེད་པའི་སྐབས་འཛུམ་མདངས་ཀྱི་རྣམ་འགྱུར་མེད་པའི་ཐོག་སྨན་བཅོས་བྱས་ཚེ། མཚམས་རེར་ནད་པ་རྣམས་དངངས་འཚབ་སྐྱེས་ཀྱི་ཡོད་ཅིང་། ངོས་རང་སྒེར་གི་མྱོང་ཚོར་ཞིག་བརྗོད་པ་ཡིན་ན། ངོས་རང་སྨན་ཁང་དུ་བསྐྱོད་པའི་སྐབས་སྨན་པ་དང་སྨན་ཞབས་པ་ཚོས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་ཁྱེར་པའི་ཐོག་འཛུམ་མདངས་ཀྱི་རྣམ་འགྱུར་རིགས་སྟོན་ཚེ། ངོས་རང་དངངས་འཚབ་ལས་གྲོལ་བའི་ཚོར་བ་ཡོང་གི་འདུག་ཅེས་བཀའ་བསྩལ་འདུག
མཇལ་ཁ་གྲུབ་པའི་རྗེས། སློབ་མ་(Thomas Quach)ལགས་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་དང་ལམ་སྟོན་ཞུས་རྒྱུ་བྱུང་བ་དེས་ང་རང་སྨན་པ་ཞིག་བྱ་རྒྱུའི་དམིགས་ཡུལ་ཡོད་པ་ལྟར་འབྱུང་འགྱུར་མི་ཚེའི་ནང་བཟང་ཕྱོགས་དང་རེ་བ་ཆེན་པོ་ཡོད་པའི་མྱོང་ཚོར་བྱུང་ཞེས་བརྗོད་སོང་།
ད་དུང་སློབ་མ་(Seta Degann)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་སྐྱེ་བོ་ཀུན་གྱིས་ཤེས་བྱ་ལེན་པ་དང་སློབ་སྦྱོང་བྱེད་ཀྱི་རེད། ༧གོང་ས་མཆོག་ནས་ཚན་རིག་ལ་བསྔགས་བརྗོད་གནང་བ་དང་འབྲེལ། ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཟུང་འབྲེལ་གྱི་ཐོག་ནས་མིའི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད་པའི་བཀའ་ཕེབས་བྱུང་བས། ང་ཚོ་ཡང་དེ་ལ་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག
ད་ཐེངས་(Tulane)་གཙུག་ལག་སློབ་ཆེན་ནང་སྨན་གྱི་ཐོག་སློབ་གཉེར་གནང་བཞིན་པའི་སློབ་དེ་དག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་འདི་ཁུལ་དུ་བོད་རིགས་སྨན་པ་དང་གྲྭ་བཙུན་རྣམས་ལ་སྨན་དང་སོའི་སློབ་སྦྱོང་། དེ་བཞིན་འཕྲོད་བསྟེན་སོགས་དང་འབྲེལ་བའི་མཐུན་སྦྱོར་རོགས་རམ་དང་སློབ་སྟོན་གནང་གི་ཡོད་པ་སློབ་ཕྲུག་དེ་དག་གི་སྣེ་ཁྲིད་པ་སློབ་དཔོན་(Rebekah Burne)་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎