ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་མཆོག་དང་མཇལ་མོལ།


2018.05.09
ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དང་མཇལ་མོལ་སྐབས། ༢༠༡༨།༥།༩ ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་དང་མཇལ་མོལ་སྐབས། ༢༠༡༨།༥།༩
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་འདུག
དེ་ཡང་སྤྱི་ཟླ་ ༥ ཚེས་ ༩ ཉིན་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སྩལ་གནང་མཛད་ཡོད་པ་དང་། མཇལ་ཁ་གྲུབ་རྗེས་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་འཇར་མི་ནི་ནས་ཡིན་པ་སྐུ་ཞབས་ (Thomas Mann) ལགས་ཀྱིས། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གལ་གནད་སྐོར་ལ་བཀའ་སློབ་གནང་སོང་བ་དང་། ད་རེས་སྤྱི་ཟླ་ ༥ ཚེས་ ༩ ཉིན་ནི་ཡོ་རོབ་ཉིན་མོ་ཡིན་ཞིང་། ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནང་ཚོགས་མི་རྒྱལ་ཁབ་མང་པོ་ཡོད་པའི་བར་ཞི་བདེ་འཆམ་མཐུན་ཡོད་པ་དེ་གལ་གནད་ཆེན་པོ་ཡིན་པ་དང་། ཡོ་རོབ་སྤྱི་མཐུན་ཚོགས་པ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པ། བོད་ནང་དྲག་གནོན་བྱེད་བཞིན་པ་ལ་ངོ་རྒོལ། གལ་ཆེ་ཤོས་དེ་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དང་བོད་མིར་སེམས་ཐག་ཉེ་པོ་ཡོད་པ་སོགས་ཀྱི་སྐོར་ལ་བཀའ་མོལ་བྱུང་སྐོར་གསུངས་འདུག
ཁོང་དང་ལྷན་དུ་རོ་མེ་ནི་ཡ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གོར་ (CsabaSogor) དང་  སེཔན་གྱི་གྲོང་ཁྱེར་སྦར་སེ་ལོ་ན་ནས་ཡིན་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་མོན་ཏེརེ་མོ་ས་ (Ramon Tremosa) རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་རེད།
དེ་བཞིན་འདི་ཚེས་ ༨ ཉིན་ཡོ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་སོགས་སུ་མཚམས་གཟིགས་གནང་ཡོད་པ་དང་། དེ་ནས་ཕྱི་ཚེས་ ༡༢ བར་བོད་མིའི་སྒྲིག་འཛུགས་དང་ཤེས་ཡོན་ལྟེ་གནས་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ་ཨྱོན་བསྟན་འཛིན་དང་། བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎