༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ལྔ་དགུ་འཁོར་བའི་དྲན་གསོའི་མཛད་སྒོ།


2018.03.13
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས། ༡༩༥༩ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས། ༡༩༥༩
པར་རྙིང་།

བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་ལོ་ ༥༩ འཁོར་བར་དྲན་གསོ་ཞུ་གཏན་འཁེལ་འདུག
ཟླ་བ་འདིའི་ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་ཆགས་པའི་ཉིན་མོ་དྲན་གསོ་ཞུ་རྒྱུའི་སླད་དམིགས་བསལ་མཛད་སྒོ་ཞིག་གནང་གཏན་འཁེལ་འདུག་ཅིང་། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་འཁོར་མོའི་རིང་རྒྱ་གར་གཞུང་དམངས་གཙོས་པའི་བོད་པར་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུ་གསལ་བསྒྲགས་གནང་པའི་ཆ་ཤས་ཞིག་ཡིན་པ་རེད།
ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཡོངས་ཀྱིས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་སྒེར་ལངས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཆེད་ཕོ་བྲང་ནོར་བུ་གླིང་ཁར་འདུ་འཛོམས་བྱུང་ཞིང་། ཉིན་ཤས་ཀྱི་ནང་རྒྱ་ནག་གི་དམག་མིས་ཞི་རྒོལ་འབུར་འཇོམ་གཏོང་རྒྱུར་དྲག་རྒོལ་བྱས་རྒྱུ་ངེས་པའི་གནས་ཚུལ་གསལ་པོ་ཆགས་རྐྱེན། ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་༧སྐུ་འཁོར་ཧྲག་བསྡུས་དང་བཅས་ཕོ་བྲང་ནོར་བུ་གླིང་ཁ་ནས་ཉེན་གཡོལ་ཆེད་བྲོས་བྱོལ་དུ་ཕེབས་པ་དང་། ཐོག་མར་ལྷུན་རྩེ་རྫོང་དུ་བོད་གཞུང་ཆེད་བཙུགས་གནང་ཡང་། ལྷ་སའི་དོན་རྐྱེན་ཧ་ཅང་ཛ་དྲག་ཅན་དུ་གྱུར་སྟབས། རྒྱ་གར་གྱི་ས་ཐོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་རེད།  གང་གི་ཞབས་རྗེས་སུ་བོད་མི་ཁྲི་བརྒྱད་ཙམ་བྲོས་བྱོལ་ཐུབ་པ་དང་། ལྷག་པར་དུ་དེ་སྔའི་བོད་གཞུང་གི་ཞབས་པད་བཀའ་བློན་རྣམ་པ་ལྷན་བཅར་ཡོད་སྟབས་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་ཡང་གནས་ཐུབ་པའི་ལོ་རྒྱུས་ཀྱི་རིམ་པ་དེ་དག་བྱུང་ཡོད་པ་རེད།

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎