༧གོང་ས་མཆོག་གིས་ཐུགས་ཕམ་དང་བཅས་ཐུགས་གསོའི་འཚམས་འཕྲིན་གནང་འདུག


2017.08.30
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༢༠༡༧།༨ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༢༠༡༧།༨
OHHDL

ཨ་མི་རི་ཀའི་(Texas)་མངའ་སྡེའི་ནང་ཆར་རླུང་གི་རྐྱེན་པས་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཕོག་པ་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་(Greg Abbot)་མཆོག་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་གནང་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་འཕྲིན་དེའི་ནང་། སྐུ་ཉིད་ཀྱི་མངའ་སྡེ་Taxes་ཡིས་ལྷོ་ཕྱོགས་སྤྱི་དང་། ལྷག་པར་དུ་Houston་གྲོང་ཁྱེར་ཁུལ་ཆར་རླུང་ཤུགས་ཆེ་རྒྱབ་ནས་མིའི་ཚེ་སྲོག་ཤོར་བ་དང་། རྒྱུ་དངོས་ཁྱོན་ཆེ་ལ་གནོད་འཚེ་བྱུང་ནས་མི་མང་སྟོང་ཕྲག་མང་པོར་དཀའ་ངལ་འཕྲད་བཞིན་པ་དེར་བློ་ཕམ་བྱུང་ཞེས་གསུངས་འདུག
དེ་བཞིན་མགོན་པོ་ཉིད་Texas ་ཁུལ་ཐེངས་མང་ཞབས་སོར་འཁོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་ལོ་གཉིས་ཙམ་གོང་ཁུལ་དེར་མགོན་པོ་ཉིད་དང་ཐུགས་ཐག་ཉེ་པོ་ཡོད་པའི་ཨ་རིའི་སྲིད་འཛིན་ཟུར་པ་(George W.Bush)་མཆོག་གི་སྐུ་མགྲོན་དུ་ཕེབས་པ་ཐུགས་དྲན་གསོས་པའི་ཐོག་ནས་ད་ལན་Texas་ནང་ཆར་རླུང་གི་འབྱུང་བའི་རྐྱེན་ངན་བྱུང་ནས་གནོད་འཚེ་ཆེན་པོ་ཕོག་པར་ཐུགས་ཕམ་ཆེན་པོ་བྱུང་ཞེས་༧གོང་ས་མཆོག་གིས་གསུངས་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྐྱེན་འདས་སུ་ཕྱིན་པའི་ནང་མི་དང་ གོད་ཆགས་ཕོག་པ་རྣམས་ཐུགས་གསོའི་མཚམས་འཕྲིན་གནང་འདུག
ཨ་རིའི་Texas་མངའ་སྡེའི་ནང་Hurricane Harvey་ཞེས་པའི་ཆར་རླུང་དྲག་པོ་རྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆགས་ཆེན་པོ་ཕོག་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎